མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཙུང་ལི་ལིས་ཁི་ཆང་གི་ལྕམ་མོ་ཁྲིན་ཧུང་གིས་ཡ་ཏི་སི་ཡ་པེ་པ་སློབ་གྲྭ་ཆེན་མོར་ལྟ་སྐོར་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-06 11:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཙུང་ལི་ལིས་ཁི་ཆང་གི་ལྕམ་མོ་ཁྲིན་ཧུང་གིས་ཟླ་ལྔ་བའི་ཚེས5ཉིན་ཨེ་ཙི་ཨོ་ཡི་ཡ་ནས་ཨེ་ཙི་ཨོ་ཕི་ཡའི་ཙུང་ལི་ཧེ་ཨེར་མ་ལིས་ཡ་མུའུ་ཡི་ལྕམ་མོ་ལའོ་མན་ཐ་སི་ཧྥ་ཡེ་དང་མཉམ་དུ་ཡ་ཏི་སི་ཡ་པེ་པ་སློབ་གྲྭ་ཆེན་མོར་སོང་སྟེ། སློབ་གྲྭས་རྒྱ་ཡིག་ཁྲིད་པའི་གནས་ཚུལ་ལ་ལྟ་སྦྱོང་བྱས་པ་དང་། སློབ་མ་རྣམས་དང་བརྗེ་རེས་བྱས་པ། སློབ་མ་ཚོས་ཀྲུང་གོའི་རིག་གནས་དང་སྒྱུ་རྩལ་འཁྲབ་སྟོན་བྱས་པའི་གནས་ཚུལ་ལ་བལྟས་པར་མ་ཟད། དཔེ་ཆ་དང་རྩིས་འཁོར་སོགས་དངོས་རྫས་ཞལ་འདེབས་སུ་ཕུལ། ཁྲིན་ཧུང་གིས་བཤད་རྒྱུར། ཁྱེད་ཚོ་ནི་རིག་གནས་སྤེལ་མཁན་ཡིན་ལ། ཁྱེད་ཚོས་ཀྲུང་གོ་མི་དམངས་ལ་བརྩེ་བ་ཟབ་མོ་བཅངས་པར་བཀའ་དྲིན་ཞུས་པ་ཡིན། ཁྱེད་ཚོས་ཀྲུང་གོ་རིག་གནས་ལ་བཅངས་པའི་བརྩེ་དུང་དེས་ང་ལ་སྐུལ་མ་ཆེན་པོ་ཐེབས་ཡོད་ལ། ཀྲུང་གོ་མི་དམངས་ལའང་སྐུལ་མ་ཐེབས་སྲིད་ཟེར།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག