མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཏི་ཅང་གིས་འཇར་པན་གྱི་མགྲོན་པོར་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-06 11:06

ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀོ་ཚོན་ཀྲིན་ཡན་ཚོགས་གཙོ་ཡིན་པའི་འཇར་པན་དང་ཀྲུང་གོའི་མཛའ་མཐུན་གྲོས་མིའི་མནའ་འབྲེལ་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས5ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀོ་ཚོན་ཀྲིན་ཡན་ཚོགས་གཙོ་ཡིན་པའི་འཇར་པན་དང་ཀྲུང་གོའི་མཛའ་མཐུན་གྲོས་མིའི་མནའ་འབྲེལ་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་། ཀྲང་ཏི་ཅང་གིས་གསུང་རྒྱུར། གཅིག་སྟོང་དགུ་བརྒྱ་དོན་གཉིས་ལོར་ཀྲུང་གོ་དང་འཇར་པན་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བར་གྱི་འབྲེལ་བ་རྒྱུན་ལྡན་དུ་གྱུར་ནས་ལོ་ངོ་བཞི་བཅུ་ལྷག་གི་རིང་ལ་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འགྲོ་འོང་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་སོང་བ་དང་། དེ་ནི་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན། ཉེ་བའི་ལོ་འགའི་རིང་ལ་འཇར་པན་སྲིད་གཞུང་གིས་ལོ་རྒྱུས་ལ་ངེས་ཤེས་དང་མངའ་ཁོངས་རྩོད་གླེང་གི་གནད་དོན་ཐད་ནས་ནོར་འཁྲུལ་གྱི་བྱ་སྤྱོད་བསླངས་པ་དེས་ཀྲུང་གོ་དང་འཇར་པན་བར་གྱི་འབྲེལ་བ་ཛ་དྲག་གི་གནས་བབ་ལ་འཕྲད་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཞི་བདེ་འཕེལ་རྒྱས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་བྱས་ཏེ་ཀྲུང་གོ་དང་འཇར་པན་བར་གྱི་མཛའ་མཐུན་འགྲོ་འོང་ལ་མཐོང་ཆེན་བྱེད་བཞིན་ཡོད་ལ། འཇར་པན་ཕྱོགས་ཀྱིས་འདས་ཟིན་པའི་ལོ་རྒྱུས་ལ་ལྟ་ཚུལ་ཡང་དག་འཛིན་པ་དང་དོན་དངོས་ལ་ལྟ་ཚུལ་ཡང་དག་འཛིན་པ། མ་འོངས་པར་ལྟ་ཚུལ་ཡང་དག་འཛིན་པ་དང་། རྒྱལ་ཁབ་གཉིས་ཀྱི་མཉམ་འབྲེལ་གསལ་སྒྲོག་སོགས་ཆབ་སྲིད་ཀྱི་ཡིག་ཆ་བཞིའི་རྩ་དོན་དང་དགོངས་དོན་གཞིར་བཟུང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་ཐུབ་པར་རེ་བ་བྱེད་བཞིན་ཡོད། ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང་འཇར་པན་རྒྱལ་ཚོགས་ཀྱི་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་མཐུན་འབྲེལ་བར་སྐུལ་འདེད་གཏོང་བའི་ཐད་ལ་ཐུན་མོང་མ་ཡིན་པའི་ཁྱད་སྟོབས་ཆེན་པོ་ལྡན་ལ། འདིར་བཞུགས་ཀྱི་གྲོས་མི་རྣམས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་སྲོལ་རྒྱུན་བཟང་བོར་དར་སྤེལ་དུ་བཏང་ནས་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བའི་ཐད་ལ་བྱ་བ་མང་པོ་སྒྲུབ་པར་རེ་བ་བྱེད་བཞིན་ཡོད་ཟེར།

ཀོ་ཚོན་ཀྲིན་ཡན་གྱིས་བསྟན་དོན། འཇར་པན་དང་ཀྲུང་གོའི་འབྲེལ་བ་ཡང་བསྐྱར་ཡང་དག་པའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པར་ནུས་ཤུགས་གང་ཡོད་འདོན་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག