མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་དང་ཧེ་ཨར་མ་ལིས་ཡ་མུའུ། ཙོ་མ་བཅས་ཀྱིས་ཀྲུང་གོའི་ལྕགས་ལམ་མཁའ་སྐྱོད་འགྲེམ་སྟོན་ལ་གཟིགས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-06 11:05

ཟླ5བའི་ཚེས5ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་ཨེ་ཙི་ཨོ་ཕེ་ཡའི་ཙུང་ལིས་ཧེ་ཨར་མ་ལིས་ཡ་མུའུ། ཨ་ཧྥེ་རི་ཁ་མཉམ་འབྲེལ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཙོ་མ་བཅས་ཀྱིས་མཉམ་དུ་ཨེ་ཙི་ཨོ་ཕེ་ཡ་ན་ཡོད་པའི་སི་ཡ་པེ་པ་ཨ་ཧྥེ་རི་ཁ་མནའ་འབྲེལ་གྲོས་ཚོགས་ལྟེ་གནས་ནས་བསྡུས་པའི་ཀྲུང་གོའི་ལྕགས་ལམ་མཁའ་སྐྱོད་འགྲེམ་སྟོན་ལ་གཟིགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5བའི་ཚེས5ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་ཨེ་ཙི་ཨོ་ཕེ་ཡའི་ཙུང་ལིས་ཧེ་ཨར་མ་ལིས་ཡ་མུའུ། ཨ་ཧྥེ་རི་ཁ་མཉམ་འབྲེལ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཙོ་མ་བཅས་ཀྱིས་མཉམ་དུ་ཨེ་ཙི་ཨོ་ཕེ་ཡ་ན་ཡོད་པའི་སི་ཡ་པེ་པ་ཨ་ཧྥེ་རི་ཁ་མནའ་འབྲེལ་གྲོས་ཚོགས་ལྟེ་གནས་ནས་བསྡུས་པའི་ཀྲུང་གོའི་ལྕགས་ལམ་མཁའ་སྐྱོད་འགྲེམ་སྟོན་ལ་གཟིགས།

འགྲེམ་སྟོན་ཁང་དུ་ཀྲུང་གོའི་ལྕགས་ལམ་དང་དམངས་སྐྱོད་མཁའ་འགྲུལ་སྒྲིག་ཆས་འཕེལ་རྒྱས་ཀྱི་བརྙན་རིས་སྟོན་བཞིན་ཡོད། ལིས་ཁི་ཆང་གིས་ཧེ་ཨར་མ་ལིས་ཡ་མུའུ་དང་ཙོ་མ་རྣམ་གཉིས་གདན་དྲངས་ནས་མཉམ་དུ་བརྙན་པར་ལ་གཟིགས་པ་དང་། ཧེ་ཨར་མ་ལིས་ཡ་མུའུ་ཡིས་ཀྲུང་གོའི་ལྕགས་ལམ་དེ་ཧ་ཅང་ཆ་རྐྱེན་ཞན་པའི་ས་ཁུལ་དུ་འཁོར་སྐྱོད་བྱེད་པའི་མཚམས་སྦྱོར་ལ་ཉན་རྗེས། རི་ཁུལ་དུ་ལྕགས་ལམ་འཁོར་སྐྱོད་བྱེད་ཐུབ་མིན་སྐོར་ཞིབ་འདྲི་བྱས་པ་དང་ལིས་ཁི་ཆང་གིས་ཀྲུང་གོའི་མཚོ་བོད་ལྕགས་ལམ་སོགས་རང་བྱུང་ཁོར་ཡུག་ཞན་པའི་ས་ཁུལ་བརྒལ་ནས་རྒྱུན་ལྡན་ངང་འཁོར་སྐྱོད་བྱེད་བཞིན་ཡོད་ཅེས་གསུངས།

ཚོང་སྤྱོད་གནམ་གྲུའི་འགྲེམ་སྟོན་ཁང་དུ་འགྲེམ་སྟོན་བྱས་པའི་ཨ་ཧྥེ་རི་ཁ་རུ་ཀྲུང་གོའི་དམངས་སྤྱོད་གནམ་གྲུ་འཕེལ་རྒྱས་སུ་འགྲོ་བའི་ས་ཁྲའི་མདུན་དུ་ཧེ་ཨར་མ་ལིས་ཡ་མུའུ་དང་ཙོ་མ་གཉིས་ཀྱིས་ས་ཁྲ་ལ་བལྟས་ནས་རྒྱལ་ཁབ་སོ་སོས་ཀྲུང་གོ་དང་མཉམ་དུ་དམངས་སྤྱོད་གནམ་གྲུའི་ཁྱབ་ཁོངས་ནས་མཉམ་ལས་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་ཨ་ཧྥེ་རི་ཁའི་ལྕགས་ལམ་འཛུགས་སྐྲུན་ཁྲོད་དུ་ཞུགས་ཏེ་ཨ་ཧྥེ་རི་ཁ་ནས་མྱུར་བགྲོད་ལྕགས་ལམ་ཞིབ་འཇུག་གསར་སྤེལ་ལྟེ་གནས་འཛུགས་པ་དང་། ཀྲུང་གོའི་ཁེ་ལས་དང་ཨ་ཧྥེ་རི་ཁས་མཉམ་ལས་དངུལ་གཏོང་གི་མཁའ་སྐྱོད་ཀུང་ཟི་འཛུགས་པར་རྒྱབ་སྐྱོར་བྱེད་འདོད་ཡོད་ཟེར།

ཧེ་ཨར་མ་ལིས་ཡ་མུའུ་དང་ཙོ་མ་གཉིས་ཀྱིས་བཤད་རྒྱུར། ཨེ་ཙི་ཨོ་ཕེ་ཡ་དང་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱིས་ཀྲུང་གོ་དང་མཉམ་དུ་ལྕགས་ལམ་དང་མཁའ་སྐྱོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པ་དང་རྒྱ་ཆེའི་མི་དམངས་ལ་བདེ་སྐྱིད་སྐྲུན་པར་རེ་སྒུག་བྱེད་བཞིན་ཡོད་ཟེར།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག