མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གཉིས་ཀྱི་འཆམ་མཐུན་མཉམ་གནས་དང་མཉམ་དུ་འཕེལ་རྒྱས། དཔལ་ཡོན་དཔྱད་གཞིར་འཛིན་པ་བཅས་ཀྱི་མཛའ་མཐུན་མཉམ་ལས་འབྲེལ་བ་གཏིང་ཟབ་ཏུ་སྤེལ་དགོས་ཞེས་ནན་གྱིས་གསུངས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-05 10:56

ཟླ5བའི་ཚེས4ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཡ་ཏི་སི་ཨ་པ་པ་ནས་ཨེ་ཙི་ཨོ་ཕི་ཡའི་ཙུང་ལི་ཧེ་ཨེར་མ་ལིས་ཡ་མུའུ་དང་གྲོས་མོལ་མཛད་རྗེས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།
ཟླ5བའི་ཚེས4ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཡ་ཏི་སི་ཨ་པ་པ་ནས་ཨེ་ཙི་ཨོ་ཕི་ཡའི་ཙུང་ལི་ཧེ་ཨེར་མ་ལིས་ཡ་མུའུ་དང་གྲོས་མོལ་མཛད་རྗེས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ས་དེའི་དུས་ཚོད་ཚེས4ཉིན་གྱི་ཕྱི་དྲོར་ཨེ་ཙི་ཨོ་ཕི་ཡའི་ཙུང་ལི་ཧེ་ཨེར་མ་ལི་ཡ་མུའུ་དང་གྲོས་མོལ་མཛད་རྗེས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་རྒྱལ་ཁབ་གཉིས་ཀྱི་ཙུང་ལི་བར་གྱི་གྲོས་མོལ་གྲུབ་འབྲས་མཚམས་སྦྱོར་མཛད། ཁོང་གིས་གསུངས་རྒྱུར། མིག་སྔར། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་འབྲེལ་བ་ཡང་དག་པའི་བགྲོད་ལམ་བརྒྱུད་དེ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ཐོག་མར་ཕྱོགས་གཉིས་ནི་འཆམ་མཐུན་མཉམ་གནས་ཀྱི་འབྲེལ་བ་ཡིན་པ་དང་། དེའི་འཕྲོར་ཕྱོགས་གཉིས་ནི་མཉམ་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་འབྲེལ་བ་ཡིན། མཇུག་མཐར་ཕྱོགས་གཉིས་ནི་ཕན་ཚུན་དཔྱད་གཞིར་འཛིན་པའི་འབྲེལ་བ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཙི་ཨོ་ཕི་ཡ་དང་བཅས་པའི་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ་འབད་བརྩོན་བྱས་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་འབྲེལ་བ་མྱུར་དུ་འཕེལ་རྒྱས་སུ་བཏང་སྟེ།ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་དང་འཛམ་གླིང་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།

ཧེ་ཨེར་མ་ལི་ཡ་མུའུ་ཡིས་བཤད་རྒྱུར། ཨེ་ཙི་ཨོ་ཕོ་ཡ་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ཉམས་མྱོང་ལ་སློབ་སྦྱོང་དང་དཔྱད་གཞིར་བཟུང་སྟེ། ཀྲུང་གོ་ཕྱོགས་དང་ཆབ་སྲིད་དང་ཕྱི་འབྲེལ། དཔལ་འབྱོར། མི་གཞོང་བཅས་ཁྱབ་ཁོངས་ཀྱི་འཐབ་ཇུས་མཉམ་ལས་འབྲེལ་བ་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བ་ཆུ་ཚད་སྔར་ལས་མཐོན་པོ་ཞིག་ཏུ་མཐོར་འདེགས་གཏོང་འདོད་ཡོད་ཟེར།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག