མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་པེ་ཅིན་སློབ་གྲྭ་ཆེན་མོའི་བྱ་བར་རྟོག་ཞིབ་མཛད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-05 10:46

ཟླ5བའི་ཚེས4ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་པེ་ཅིན་སློབ་གྲྭ་ཆེན་མོ་རུ་ཕེབས་ནས་བྱ་བར་རྟོག་ཞིབ་མཛད།
ཟླ5བའི་ཚེས4ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་པེ་ཅིན་སློབ་གྲྭ་ཆེན་མོ་རུ་ཕེབས་ནས་བྱ་བར་རྟོག་ཞིབ་མཛད།
ཟླ5བའི་ཚེས4ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་པེ་ཅིན་སློབ་གྲྭ་ཆེན་མོ་རུ་ཕེབས་ནས་བྱ་བར་རྟོག་ཞིབ་མཛད།
ཟླ5བའི་ཚེས4ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་པེ་ཅིན་སློབ་གྲྭ་ཆེན་མོ་རུ་ཕེབས་ནས་བྱ་བར་རྟོག་ཞིབ་མཛད།
ཟླ5བའི་ཚེས4ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་པེ་ཅིན་སློབ་གྲྭ་ཆེན་མོ་རུ་ཕེབས་ནས་བྱ་བར་རྟོག་ཞིབ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ཚེས4ཉིན་པེ་ཅིན་སློབ་གྲྭ་ཆེན་མོ་རུ་ཕེབས་ནས་བྱ་བར་རྟོག་ཞིབ་མཛད། ཞི་ཅིན་ཕེན་གྱིས་ཏང་ཀྲུང་དབྱང་གི་ཚབ་མཛད་དེ་རྒྱལ་ཡོངས་ཀྱི་རིགས་སོ་སོའི་ན་གཞོན་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་ཞུས་པར་མ་ཟད། རྒྱལ་ཡོངས་ཀྱི་རྒྱ་ཆེའི་སློབ་གསོའི་བྱ་བ་སྒྲུབ་མཁན་དང་ན་གཞོན་བྱ་བ་སྒྲུབ་མཁན་རྣམས་ལ་བླ་ན་མེད་པའི་གུས་འདུད་ཞུས། ཁོང་གིས་སྲོག་ཤིང་རིན་ཐང་ལྟ་བ་ལས་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་བསམ་པའི་རེ་སྙེག་མཚོན་པར་བྱས་ཡོད་པ་དང་། དེ་ནི་ཆེས་ཡུན་རིང་ཞིང་ཆེས་ཟབ་པའི་སྟོབས་ཤུགས་ཡིན་པས། རྒྱ་ཆེའི་ན་གཞོན་རྣམས་ཀྱིས་ད་ལྟ་ནས་སྒྲུབ་མགོ་བརྩམས་པ་དང་མི་རང་ཉིད་ནས་སྒྲུབ་མགོ་བརྩམས་ཏེ། སློབ་བརྩོན་དང་བློ་སྦྱོང་། གསལ་འབྱེད། དངོས་གཉེར་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དེ་རང་ཉིད་ཀྱི་གཞི་རྩའི་སྲུང་བྱ་རུ་འགྱུར་བར་བྱེད་དགོས་པར་མ་ཟད། དེ་སྤྱི་ཚོགས་ཡོངས་སུ་ཁྱབ་གདལ་བྱེད་དགོས་པ་དང་ཧུར་ཐག་སྒོས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རླབས་ཆེན་ལག་ལེན་ཁྲོད་དུ་རང་ཉིད་ཀྱི་འོད་སྟོང་འབར་བའི་མི་ཚེ་སྐྲུན་དགོས་ཞེས་ནན་གྱིས་གསུངས།

ད་ལོ་ནི་ལྔ་བཞིའི་ལས་འགུལ་སྤེལ་ནས་ལོ་འཁོར་གོ་ལྔ་ལོན་པའི་ལོ་ཡིན་ལ། པེ་ཅིན་སློབ་གྲྭ་ཆེན་མོ་ནི་རང་རྒྱལ་གྱི་རིག་གནས་གསར་བའི་ལས་འགུལ་གྱི་ལྟེ་གནས་དང་ལྔ་བཞིའི་ལས་འགུལ་བསླངས་བའི་འབྱུང་ཁུངས་ཡིན་པས། ཞི་ཅིན་ཕེན་གྱིས་དུས་དང་རྣམ་པ་ཀུན་ཏུ་པེ་ཅིན་སློབ་གྲྭ་ཆེན་མོའི་བཅོས་སྒྱུར་འཕེལ་རྒྱས་དང་དགེ་སློབ་རྣམས་ཀྱི་སློབ་སྦྱོང་དང་བྱ་བ། འཚོ་བ་བཅས་ཀྱི་གནས་ཚུལ་ལ་སེམས་ཁུར་བྱེད་ཀྱིན་ཡོད་པ་དང་། ཉེ་བའི་ལོ་འགའི་རིང་ཐེངས་མང་པོར་སློབ་ཆེན་དེར་ཕེབས་ནས་བྱ་བར་རྟོག་ཞིབ་མཛད།

ཉིན་དེའི་སྔ་དྲོའི་དུས་ཚོད་དགུའི་སྟེང་ཞི་ཅིན་ཕེན་པེ་ཅིན་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲུའུ་ཧྲན་ལུའུ་དང་སློབ་གཙོ་ཝང་ཨུན་ཀི་གཉིས་ཀ་དང་མཉམ་དུ་པེ་ཅིན་སློབ་ཆེན་གྱི་མི་གཞུང་རིགས་པའི་དགའ་ཚལ་དུ་ཕེབས་ནས་མི་གཞུང་སྤྱི་ཚོགས་ཚན་རིག་གྲུབ་འབྲས་འགྲེམ་སྟོན་བྱས་པར་གཟིགས། ཞི་ཅིན་ཕེན་གྱིས་དགེ་རྒན་ཆེན་མོ་མ་ཁི་ཡའོ་དང་ཡོན་ཞིན་ཕེ་གཉིས་ཀ་བརྒྱུད་ནས་མི་གཞུང་སྤྱི་ཚོགས་ཚན་རིག་འཕེལ་རྒྱས་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་པར་མ་ཟད། པེ་ཅིན་སློབ་ཆེན་གྱིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱེད་པའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད།

ཉིན་དེའི་དུས་ཚོད་བཅུ་དང་སྐར་མ་བཞི་བཅུའི་སྟེང་ཞི་ཅིན་ཕེན་པེ་ཅིན་སློབ་ཆེན་གྱི་ཕུལ་བྱུང་མི་སྣའི་བརྗེ་རེས་ལྟེ་གནས་ལ་ཕེབས་ཏེ་དགེ་སློབ་རྣམས་དང་མཉམ་དུ་བཞུགས་མོལ་མཛད། སློབ་ཆེན་གྱི་མགོ་གཙོ་དང་དགེ་སློབ་རྣམས་ཀྱི་འཐུས་མིས་སྔ་གཞུག་ཏུ་གཏམ་བཤད་པ་དང་། ཞི་ཅིན་ཕེན་གྱིས་ཉན་ཞོར་དུ་ཟིན་བྲིས་བཀོད་ཅིང་དུས་ངེས་མེད་དུ་འབྲེལ་ཡོད་གནད་དོན་ཐད་ནས་འདྲི་ཚིག་དྲིས་ནས་དགེ་སློབ་རྣམས་དང་མཉམ་དུ་གྲོས་བསྡུས་བྱས། ཞི་ཅིན་ཕེན་གྱིས་ཚང་མའི་གཏམ་བཤད་ལ་ཉན་རྗེས་གསུངས་བཤད་གལ་ཆེན་གནང་། ཁོང་གིས་གསུངས་རྒྱུར། དུས་རབས་རེ་རེར་དུས་རབས་རེ་རེ་ཡི་སྙིང་སྟོབས་ཡོད་པ་དང་དུས་རབས་རེ་རེར་དུས་རབས་རེ་རེ་ཡི་རིན་ཐང་འདུ་ཤེས་ཡོད་ལ། མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་སྲོག་ཤིང་རིན་ཐང་ལྟ་བ་དེ་ངེས་པར་དུ་མི་རིགས་དེ་དང་རྒྱལ་ཁབ་དེ་ཡི་ལོ་རྒྱུས་རིག་གནས་དང་ཟུང་འབྲེལ་བྱས་ཡོད་པ་དང་། མི་རིགས་དེ་དང་རྒྱལ་ཁབ་དེ་ཡི་མི་དམངས་ཀྱིས་འབད་འཐབ་བྱེད་པ་དང་ཟུང་འབྲེལ་བྱས་ཡོད་པར་མ་ཟད། མི་རིགས་དེ་དང་རྒྱལ་ཁབ་དེ་ཡི་ཐག་གཅོད་པའི་དུས་རབས་ཀྱི་གནད་དོན་དང་མཐུན་པར་བྱེད་དགོས་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཏང་ཀྲུང་དབྱང་གིས་འཛམ་གླིང་ཡོངས་སུ་ཆེས་བཟང་བའི་སློབ་ཆེན་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་བཏོན་པ་དང་། ང་ཚོས་དམིགས་འབེན་དེ་ལ་དམིགས་ནས་བློ་བརྟན་འགྱུར་མེད་སྒོས་མདུན་སྐྱོད་བྱེད་པ་དང་མུ་མཐུད་ནས་སློབ་གསོའི་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་དགོས། ཀྲུང་གོ་ནས་འཛམ་གླིང་དུ་ཆེས་བཟང་བོའི་སློབ་ཆེན་སྒྲུབ་ན་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཡོད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་མཐོ་རིམ་སློབ་གྲྭའི་བྱ་བར་ཧ་ཅང་མཐོང་ཆེན་བྱེད་དགོས་པ་དང་དུས་དང་རྣམ་པ་ཀུན་ཏུ་སློབ་མ་འཚར་ལོངས་འབྱུང་བར་སེམས་ཁུར་བྱེད་དགོས། བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱས་ནས་འདྲ་མཉམ་དྲང་བདེན་གྱི་སྤྱི་ཚོགས་ཁོར་ཡུག་སྐྲུན་དགོས་པ་དང་མུ་མཐུད་ནས་རྒྱ་ཆེའི་ན་གཞོན་རྣམས་ཀྱི་གསོན་ཤུགས་དང་གསར་སྐྲུན་ནུས་ཤུགས་ཇེ་ཆེར་གཏོང་དགོས། ལས་ཞུགས་ལས་སྤེལ་ཞབས་ཕྱིའི་མ་ལག་འཛུགས་སྐྲུན་ཤུགས་བསྣན་ནས་སློབ་མ་རྣམས་སྤྱི་ཚོགས་སྟེང་དུ་གོམ་པ་བརྟན་པོའི་ངང་སྤོ་བར་རྒྱབ་སྐྱོར་དང་རོགས་རམ་བྱེད་དགོས། དགེ་རྒན་རྣམས་ཀྱིས་ཆེས་གཟབ་ནན་དང་ཆེས་བླ་མེད་ཀྱི་འགན་འཁྲི་ཁུར་ཡོད་པས་དུས་དང་རྣམ་པ་ཀུན་ཏུ་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་འགན་འཁྲི་ཡིད་ལ་དམ་པོར་བཟུང་སྟེ། མི་གཤིས་ལ་བརྟེན་ནས་སློབ་མར་ཁྲིད་སྟོན་བྱེད་དགོས་པ་དང་རིག་གཞུང་ལ་བརྟེན་ནས་སློབ་མའི་བློ་སྒོ་ཡངས་པོར་འབྱེད་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག