མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཨ་ཧྥུའུ་ཧན་ནས་རི་ཉུལ་བའི་དོན་རྐྱེན་ཚབས་ཆེན་བྱུང་བའི་ཐད་ནས་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཁཱ་ཨར་ཀྲ་ཡེ་ལ་འཚམས་འདྲིའི་གློག་འཕྲིན་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-05 10:35

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས4ཉིན་ཨ་ཧྥུའུ་ཧན་ནས་རི་ཉུལ་བའི་དོན་རྐྱེན་ཆེན་པོ་བྱུང་སྟེ་མི་སྣར་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཚབས་ཆེན་བྱུང་བའི་ཐད་ནས་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཁཱ་ཨར་ཀྲ་ཡེ་ལ་འཚམས་འདྲིའི་གློག་འཕྲིན་བཏང་། ཞི་ཅིན་ཕེན་གྱིས་གསུང་རྒྱུར། གློ་བུར་དུ་ཁྱེད་རྒྱལ་ཁབ་ཀྱི་པ་ཏ་ཧི་ཧྲང་ཞིང་ཆེན་དུ་རི་ཉུལ་བའི་དོན་རྐྱེན་ཆེན་པོ་བྱུང་སྟེ་མི་སྣར་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཚབས་ཆེན་བྱུང་བ་ཐོས་བྱུང་ལ། བདག་གིས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱེད་པ་དང་ང་རང་ཉིད་ཀྱི་མིང་ཐོག་ནས་རྐྱེན་ལམ་དུ་ཤོར་བ་རྣམས་ལ་སེམས་གཏིང་ནས་མྱ་ངན་ཞུ་བ་དང་། གནོད་འཚེ་ཐེབས་པའི་མི་དམངས་ཡོངས་ལ་སྙིང་ཉེ་བའི་འཚམས་འདྲི་བྱས་པ་ཡིན། ཁྱེད་རྒྱལ་ཁབ་ཀྱི་སྲིད་གཞུང་དང་མི་དམངས་སྔ་མོ་ནས་གནོད་འཚེ་ལས་རྣམ་པར་རྒྱལ་ཏེ་ཁྱིམ་གཞིས་བསྐྱར་འཛུགས་བྱེད་ཐུབ་པར་བདག་ལ་ཡིད་ཆེས་ཡོད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥུའུ་ཧན་ཕྱོགས་ཀྱི་དགོས་མཁོ་གཞིར་བཟུང་ནས་གནོད་འགོག་རྒུད་སྐྱོབ་ཀྱི་ཐད་ལ་རྒྱབ་སྐྱོར་དང་རོགས་རམ་བྱེད་འདོད་ཡོད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག