མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཨེ་ཙི་ཨོ་ཕི་ཡའི་ཙུང་ལི་ཧེ་ཨེར་མ་ལིས་ཡ་མུའུ་དང་གྲོས་མོལ་མཛད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-05 10:35

ཟླ5བའི་ཚེས4ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཡ་ཏི་སི་ཨ་པ་པ་ནས་ཨེ་ཙི་ཨོ་ཕི་ཡའི་ཙུང་ལི་ཧེ་ཨེར་མ་ལིས་ཡ་མུའུ་དང་གྲོས་མོལ་མཛད།
ཟླ5བའི་ཚེས4ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཡ་ཏི་སི་ཨ་པ་པ་ནས་ཨེ་ཙི་ཨོ་ཕི་ཡའི་ཙུང་ལི་ཧེ་ཨེར་མ་ལིས་ཡ་མུའུ་དང་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ས་དེའི་དུས་ཚོད་ཚེས4ཉིན་གྱི་ཕྱི་དྲོར་ཡ་ཏི་སི་ཨ་པ་པ་ནས་ཨེ་ཙི་ཨོ་ཕི་ཡའི་ཙུང་ལི་ཧེ་ཨེར་མ་ལིས་ཡ་མུའུ་དང་གྲོས་མོལ་མཛད།

ལིས་ཁི་ཆང་གིས་ཨེ་ཙི་ཨོ་ཕི་ཡ་རྒྱལ་ཁབ་ཀྱིས་ཉེ་ལམ་ལོ་འགའི་རིང་ལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་གཟེངས་བསྟོད་མཛད་པར་མ་ཟད། ཀྲུང་གོ་དང་ཨེ་ཙི་ཨོ་ཕི་ཡ་བར་གྱི་མཛའ་མཐུན་མཉམ་ལས་ལ་སྔར་ལས་ཤུགས་སྣོན་པ་དེ་ཕྱོགས་གཉིས་ཀྱི་རྩ་བའི་ཁེ་ཕན་དང་ཡུན་རིང་གི་ཁེ་ཕན་དང་མཐུན། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཙི་ཨོ་ཕི་ཡ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། མཐོ་རིམ་བར་གྱི་འགྲོ་འོང་རྒྱུན་འཛིན་བྱེད་པ་དང་། ཆབ་སྲིད་ཐད་ནས་ཕན་ཚུན་ལ་ཡིད་ཆེས་དམ་པོ་བྱེད་དགོས་པར་མ་ཟད། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པ་དང་། ནུས་ཁུངས་ཐོན་ཁུངས་གསར་གཏོད་བྱེད་པ་གཙོ་བོར་བཟུང་སྟེ། མྱུར་བགྲོད་གཞུང་ལམ་སོགས་ཐད་ཀྱི་གཉིས་ཕན་མཉམ་ལས་རྒྱ་བསྐྱེད་འདོད་ཡོད་ཅེས་ནན་གྱིས་གསུངས།

ཧེ་ཨེར་མ་ལིས་ཡ་མུའུ་ཡིས་ཨེ་ཙི་ཨོ་ཕི་ཡ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱས་ཏེ་ཙུང་ལི་ལིས་ཁི་ཆང་འཚམས་འདྲིར་ཡོང་བར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས། ཁོས་བཤད་རྒྱུར། ཨེ་ཙི་ཨོ་ཕི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་བོར་ཨེ་ཙི་ཨོ་ཕི་ཡར་ལྷག་བསམ་ཟོལ་མེད་དང་སྒེར་སེམས་མེད་པར་རོགས་རམ་བྱས་པར་བཀའ་དྲིན་ཆེ་ཞུས་པར་མ་ཟད། ཀྲུང་གོ་ཕྱོགས་དང་མཐོ་རིམ་བར་གྱི་འགྲོ་འོང་སྔར་ལས་ཇེ་དམ་དུ་གཏོང་བ་དང་། མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཐད་ཀྱི་ཡུན་རིང་འཐབ་ཇུས་ཇུས་གཞི་བཀོད་དེ། སྔར་ལས་མང་བོའི་ཀྲུང་གོའི་ཁེ་ལས་ཀྱིས་ཨེ་ཙི་ཨོ་ཕི་ཡར་མ་དངུལ་གཏོང་བར་མཐུན་རྐྱེན་མང་པོ་བསྐྲུན་འདོད་ཡོད་ཟེར།

གྲོས་མོལ་མཛད་རྗེས། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་མཉམ་དུ་ཀྲུང་གོ་དང་ཨེ་ཙི་ཨོ་ཕི་ཡ་གཉིས་ཀྱི་དཔལ་འབྱོར་ལག་རྩལ་དང་བཟོ་ལས། རྨང་གཞིའི་སྒྲིག་ཆས། དངུལ་ལོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་འགོད་པའི་མཛད་སྒོར་ཞུགས།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག