མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་ཡ་ཏི་སི་ཨ་པ་པར་ཕེབས་ཏེ་ཨེ་ཙི་ཨོ་ཕི་ཡ་རྒྱལ་ཁབ་དང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་སྤྱི་ཁྱབ་པུའུ་ལ་དངོས་གཞིའི་འཚམས་འདྲི་མཛད་མགོ་བརྩམས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-05 10:35

ཟླ5བའི་ཚེས4ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཆེད་བཏང་གནམ་གྲུར་བཞུགས་ཏེ་ཡ་ཏི་སི་ཨ་པ་པར་ཕེབས་ཏེ། ཨེ་ཙི་ཨོ་ཕི་ཡ་རྒྱལ་ཁབ་དང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་སྤྱི་ཁྱབ་པུའུ་ལ་དངོས་གཞིའི་འཚམས་འདྲི་མཛད་མགོ་བརྩམས། ཙུང་ལི་ལིས་ཁི་ཆང་གི་ལྕམ་མོ་ཁྲིན་ཧུང་གནམ་གྲུ་གཅིག་ཏུ་བསྡད་དེ་ཡ་ཏི་སི་ཨ་པ་པར་ཐོན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཙི་ཨོ་ཕི་ཡའི་ཙུང་ལི་ཧེ་ཨེར་མ་ལི་ཡ་མུའུ་དང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞི། མོ་རི་ཐ་ནི་ཡ་དབྱི་ཟི་ལན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཨ་ཆི་ཙི་དང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཙུའུ་མ་བཅས་ཀྱིས་གདན་དྲངས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ས་དེའི་དུས་ཚོད་ཚེས4ཉིན་གྱི་ཕྱི་དྲོར་ཆེད་བཏང་གནམ་གྲུར་བཞུགས་ཏེ་ཡ་ཏི་སི་ཨ་པ་པའི་པའོ་ལིས་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་བསླེབས་ནས། ཨེ་ཙི་ཨོ་ཕི་ཡ་དང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་སྤྱི་ཁྱབ་པུའུ་ལ་དངོས་གཞིའི་འཚམས་འདྲི་བྱེད་མགོ་བརྩམས། ཙུང་ལི་ལིས་ཁི་ཆང་གི་ལྕམ་མོ་ཁྲིན་ཧུང་གནམ་གྲུ་གཅིག་ཏུ་བསྡད་དེ་ཡ་ཏི་སི་ཨ་པ་པར་བསླེབས།

ཨེ་ཙི་ཨོ་ཕི་ཡའི་ཙུང་ལི་ཧེ་ཨེར་མ་ལིས་ཡ་མུའུ་དང་ལྕམ་མོ་གནམ་གྲུ་ཐང་དུ་སོང་སྟེ་ཙུང་ལི་ལིས་ཁི་ཆང་དང་ཁོའི་ལྕམ་མོ་ཁྲིན་ཧུང་ལ་བསུ་བ་ཞུས་པར་མ་ཟད། དགའ་བསུ་ཞུ་བའི་མཛད་སྒོ་རྒྱ་ཆེན་པོ་བསྡུས།

འཚམས་འདྲི་བྱེད་སྐབས། ལིས་ཁི་ཆང་གིས་ཨེ་ཙི་ཨོ་ཕི་ཡ་དང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་སྤྱི་ཁྱབ་པུའུ་ཡི་མགོ་ཁྲིད་པར་ཐུག་འཕྲད་དང་གྲོས་མོལ་གནང་རྒྱུ་དང་། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་སྤྱི་ཁྱབ་པུའུ་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གཉིས་ཀྱི་འབྲེལ་བ་དང་ཀྲུང་གོའི་ཨ་ཧྥེ་རི་ཁ་གླིང་གི་སྲིད་ཇུས་སྐོར་གསུང་བཤད་གནང་རྒྱུ། ཀྲུང་གོ་དང་ཨ་ལྷེ་རི་ཁའི་མཉམ་ལས་ལས་གཞིར་གཟིགས་སྐོར་གནང་རྒྱུ་མ་ཟད། ཀྲུང་གོ་དང་ཨ་ལྷེ་རི་ཁ་གླིང་གི་དཔལ་འབྱོར་ཉོ་ཚོང་དང་མི་གཞུང་ཁྱབ་ཁོངས་ཀྱི་འཐུས་མི་དང་བཞུགས་མོལ་གནང་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག