མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

གྲངས་གཞིའི་ཐོག་ནས་ལྔ་གཅིག་གླེང་བ་ཞེས་པ་དེས་ང་ཚོས་འབོར་ཆེ་བའི་གྲངས་གཞི་བརྒྱུད་དེ་སྤྲོ་གསེང་གཏོང་ཐབས་ཀྱི་འགྱུར་ལྡོག་གསར་ཤོས་ཤེས་རྟོགས་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-05-04 10:55

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གྲངས་གཞིའི་ཐོག་ནས་ལྔ་གཅིག་གླེང་བ་ཞེས་པ་དེས་ང་ཚོས་འབོར་ཆེ་བའི་གྲངས་གཞི་བརྒྱུད་དེ་སྤྲོ་གསེང་གཏོང་ཐབས་ཀྱི་འགྱུར་ལྡོག་གསར་ཤོས་ཤེས་རྟོགས་བྱས་ཡོད། སྤྲོ་གསེང་གཏོང་སྟངས་མང་ཤོས་ཀྱི་ནང་ནས་སྤྱི་ལོ2014ལོར་ཨང་དང་པོ་ནི་མི་མང་པོས་མཉམ་དུ་རྩེད་མོ་རྩེད་བ་ཡིན་པ་དང་དེས་བསྡུར་གྲངས་ངེས་ཅན་ཞིག་བཟུང་ཡོད། དེ་རྗེས་ལུས་སྦྱོང་དང་ཞིང་ཁྱིམ་སྤྲོ་ཁང་། ཡུལ་སྐོར་ཐུང་གྲས། སྤྱི་ཕན་དང་བླངས་པ། ལག་རྩལ་སྦྱོང་བ། ས་ཞིང་གཡར་ནས་སྔོ་ཚལ་འདེབས་པ། རྩེད་མོ་རྩེད་བ་སོགས་ཡིན་པ་རེད། ང་ཚོས་མི་གྲངས་བརྒྱ་ཆ34དང་གྲངས་ཆུང8ཀྱི་རང་ཉིད་སློབ་གྲོགས་སམ་དང་གྲོགས་པོ་དང་ལྷན་དུ་བསྐྱོད་པ་དང་། དེ་རྗེས་ཁྱིམ་མི་དང་། ལས་རོགས། རྒྱུས་མེད་མི་སྣ། རང་ཉིད་ཁེར་རྐྱང་བཅས་ཀྱི་ཕྱིར་བསྐྱོད་པ་མཐོང་ཐུབ། ན་ནིང་གི་དུས་མཚུངས་དང་བསྡུར་ན་རྒྱུས་མེད་མི་སྣ་དང་མཉམ་དུ་ཡུལ་སྐོར་ལ་བསྐྱོད་པའི་བསྡུར་གྲངས་དེ་བརྒྱ་ཆ10ལ་ཉེ་བ་འཕར་ཡོད་པ་རེད།

མི་སྣ་མང་ཆེ་བས་སྤྲོ་གསེང་གི་དམིགས་ཡུལ་གཙོ་བོ་ཆེ་ཤོས་ནི་ལུས་སེམས་དལ་དུ་གཏོང་བ་དང་སྣོན་ཤུགས་ལྷོད་དུ་གཏོང་བ། རང་ཉིད་སོལ་དལ་དུ་སྡོད་དུ་འཇུག་རྒྱུ་དེ་ཡིན་པ་རེད། དེས་ན་ལྟ་བ་འདི་དག་འཁྱེར་བའི་ལོ་གྲངས་ནི་གཙོ་བོ་རང་ལོ20ནས་རང་ལོ39བར་གཅིག་བསྡུས་བྱས་ཡོད་པ་དང་། ཁོ་ཚོའི་ཁྲོད་དུ་བརྒྱ་ཆ48དང་གྲངས་ཆུང9ཡིས་དཔེ་དེབ་བལྟ་བ་དང་འཇོན་ཐང་གཞན་སྦྱང་ཡོད་པ་དང་། མི་སྣ་བརྒྱ་ཆ22དང་གྲངས་ཆུང་བདུན་གྱིས་ལུས་སྦྱོང་བྱས་ཡོད་པ། ད་དུང་མི་སྣ་བརྒྱ་ཆ28དང་གྲངས་ཆུང4ཡིས་སྤྱི་ཕན་བྱེད་སྒོར་ཞུགས་པ་བརྒྱུད་དེ་རང་ཉིད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག