མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཤིན་ཅང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཡིད་ལ་བརྟན་པོར་ངེས་པ་དང་། མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་གཏོང་རྒྱུ་ཡིན་ཞེས་བསྟན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-05-04 10:55

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་ཤས་བསྟུད་མར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤིན་ཅང་དུ་ལས་དོན་རྟོག་ཞིབ་གནང་སྐབས་མངག་བཅོལ་ནན་པོ་གནང་བར་ཐན་ཧྲན་རི་བོའི་ལྷོ་བྱང་དུ་གནས་པའི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོའི་ཁྲོད་ལན་ཆ་བཟང་པོ་བྱུང་ཡོད། མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་མང་ཚོགས་ནས་གཅིག་རྗེས་གཉིས་མཐུད་ངང་མི་རིགས་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་འགྲོ་རྒྱུར་གཡོ་འགུལ་མི་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཧུར་ཐག་གཏོད་དགོས་པའི་རྣམ་པ་བསྟན་ཡོད་པ་རེད།

ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཧྲུའུ་ཅི་ཡན་ཧྥན་ཤིན་གྱིས་ལྗོངས་དེ་ཡོངས་ཀྱི་ཁྲིམས་ཁང་གིས་ནན་ཏན་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ལྟར་དམངས་ཀྱི་འཚོ་བ་ལེགས་བཅོས་བྱ་རྒྱུར་དམ་པོར་གཞིགས་པ་དང་། མི་སེམས་ཀྱི་འགག་རྩ་གཉིས་བརྩོན་ལེན་བྱེད་པ། ཁྲིམས་ལུགས་བེད་སྤྱོད་གང་ལེགས་བྱེད་པ། མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་བཅས་བྱས་ཏེ། འབད་བརྩོན་ཆེན་པོས་ཤིན་ཅང་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ལ་ཞི་མཐུན་བརྟན་ལྷིང་དང་། བདེ་སྡོད་ལས་བརྩོན་གྱི་སྤྱི་ཚོགས་ཁོར་ཡུག་གཏོད་དགོས་པ་དང་། ཤིན་ཅང་གི་ཞི་མཐུན་གོང་འཕེལ་དང་ཡུན་རིང་བདེ་འཁོད་ལ་ནུས་ཤུགས་ཆེ་བའི་ཁྲིམས་འཛིན་འགན་ལེན་མཁོ་འདོན་བྱེད་དགོས་ཞེས་གསུངས་ཡོད་པ་རེད།

ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ལི་ཁྲུན་ཡང་གིས་སྤྲོ་བ་རབ་ཏུ་འཕེལ་བའི་རྣམ་འགྱུར་དང་། དུས་ཚོད་ལ་བརྩོན་ལེན་བྱེད་པའི་སྤྲོ་སེམས་བཅངས་ཏེ། མཛེས་སྡུག་ལྡན་པའི་ཤིན་ཅང་འཛུགས་སྐྲུན་བྱེད་པའི་ལག་ལེན་ནང་ཞུགས་དགོས། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཚན་རིག་ཤེས་བྱ་ཁྱབ་གདལ་ཤུགས་ཆེན་གཏོང་བ། ཚན་རྩལ་ཡར་ཐོན་དང་མི་རིགས་ཁག་གི་མང་ཚོགས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་བཏང་བ་བརྒྱུད་ཤིན་ཅང་གི་ཚན་རིག་དང་མཐུན་པའི་གོང་འཕེལ་དང་བརྟན་ལྷིང་གོང་འཕེལ་གྱི་རྨང་གཞི་བརྟན་དུ་གཏོང་དགོས་ཞེས་གསུངས་ཡོད་པ་རེད།

ཤིན་ཅང་དགེ་འོས་སློབ་ཆེན་གྱི་རྒྱལ་སྤྱིའི་རིག་གནས་སྤེལ་རེས་སློབ་གླིང་གི་དགེ་རྒན་ཆེན་མོ་བ་ཨའེ་ཙེ་མའེ་ཐིས་ང་རང་ནས་སྔོན་ཐོན་བསམ་བློ་དང་བདེན་ལེགས་མཛེས་གསུམ་གྱི་གཏམ་སྤྱོད་ལ་བརྟེན་ནས་སློབ་མར་སློབ་གསོ་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་སྔར་ལས་ལྷག་པ་བྱས་ཏེ། མི་དེ་བས་མང་བས་ཀྲུང་གོར་ཤེས་རྟོགས་དང་ཤིན་ཅང་ལ་ཤེས་རྟོགས་ཡོང་བ་དང་། རྒྱལ་ཁབ་ལ་དགའ་ཞེན་དང་ཤིན་ཅང་ལ་དགའ་ཞེན་བྱེད་པའི་དྲང་ནུས་ཆེ་རུ་འགྲོ་བ་བྱས་ཏེ། ཆེས་མཛེས་སྡུག་ལྡན་ཤོས་ང་ཚོའི་ཤིན་ཅང་ཡིན་ཞེས་པའི་སྤོ་སེམས་སྐྱེ་དགོས་པའི་གྲུབ་འབྲས་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་རེ་བ་ཆེན་པོར་དྲིན་ལན་འཇལ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

རྟོག་ཞིབ་གནང་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆེད་མངག་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེར་ཕེབས་ཏེ། དམག་སྡེའི་ཞིང་ལས་དེང་རབས་ཅན་གྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་། ཆར་པར་མི་འཛེམས་པར་ཡུལ་དམག་གི་རུ་འབྲིང་རུ་ཁག་ལ་གཟིགས་ཞིབ་གནང་བ་མ་ཟད། དམག་སྡེའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་གལ་ཆེའི་མཛུབ་སྟོན་གནང་ཡོད།

དམག་སྡེའི་ཧྲེ་ཤོག་དྲུག་པའི་ཝུ་ཅ་ཆུས་གྲོང་ཁྱེར་ཏང་ཨུད་ཀྱི་ཧྲུའུ་ཅི། ཆབ་སྲིད་ཨུ་ཡོན་མ་ཤིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅིས་དམག་སྡེའི་ལས་དོན་ཐད་གནང་བའི་གལ་ཆེའི་གསུང་བཤད་གསན་པའི་རྗེས་སེམས་འགུལ་དང་སྤོ་སེམས་སྐྱེས་བྱུང་། སྤྱི་ཁྱབ་ཧྲུའུ་ཅིའི་རྟོག་ཞིབ་དེ་ལས་དོན་གྱི་སྒུལ་ཤུགས་ལ་བརྩིས་ཏེ། ཧྲེ་ཤོག་དང་གྲོང་ཁྱེར་གྱི་སྒྲིག་གཞི་གཅིག་སྒྲིལ་གྱི་བཟང་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཅན་གསུམ་ཞེས་པའི་འཛུགས་སྐྲུན་ལ་གང་མགྱོགས་སྐུལ་འདེད་བཏང་སྟེ། ཧྲེ་ཤོག་དང་གྲོང་ཁྱེར་གྱིས་བརྟན་ལྷིང་སྲུང་སྐྱོང་དང་མཐའ་མཚམས་སྲུང་བའི་ནུས་པ་མཐོ་རུ་འགྲོ་རྒྱུར་རྨང་གཞི་བརྟན་པོ་འདིང་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག