མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཤིན་ཧྭ་གསར་འགྱུར་ཁང་གིས་རྒྱས་འཕྲིན་མེས་རྒྱལ་གྱི་ཤིན་ཅང་འཛུགས་སྐྲུན་དེ་བས་ལེགས་པ་བྱེད་དགོས་ཞེས་པ་སྤེལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-05-04 10:55

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས3ཉིན་ཤིན་ཧྭ་གསར་འགྱུར་ཁང་གིས་རྒྱས་འཕྲིན་མེས་རྒྱལ་གྱི་ཤིན་ཅང་འཛུགས་སྐྲུན་དེ་བས་ལེགས་པ་བྱེད་དགོས་ཞེས་པ་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཤིན་ཅང་དུ་རྟོག་ཞིབ་གནང་རིང་དངོས་བྲིས་ཞེས་པ་སྤེལ་ཡོད། རྒྱས་འཕྲིན་ནང་སྤྱི་ཟླ4པའི་ཚེས27ཉིན་ནས30ཉིན་བར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤིན་ཅང་དུ་རྟོག་ཞིབ་གནང་རིང་ཤིན་ཅང་གི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོབ་ལེགས་པོ་དང་བར་བརྒལ་རྣམ་པའི་གོང་འཕེལ་ལ་སྐུལ་འདེད། དམངས་འཚོ་ལེགས་བཅོས་དང་འགན་སྲུང་། མི་རིགས་མཐུན་སྒྲིལ་ལ་སྐུལ་སྤེལ། ཏང་གི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་སོགས་ཀྱི་ལས་དོན་ཐད་རྟོག་ཞིབ་བཀོད་འདོམས་གནང་བའི་བརྒྱུད་རིམ་ཆ་ཚང་ཞིབ་ཅིང་ཕྲ་བ་བཀོད་ཡོད་པ་རེད།

རྒྱས་འཕྲིན་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟོག་ཞིབ་གནང་རིང་ཤིན་ཅང་གི་ལས་དོན་ལེགས་པོ་བསྒྲུབ་རྒྱུའི་ཐད་ཀྱི་བླང་བྱ་གསར་པ་རབ་དང་རིམ་པ་བཏོན་ཡོད་པ་དང་། གནས་བབ་གསར་པའི་འོག་གི་ལས་འགན་གསར་པར་ཕྱོགས་སྐབས་ཀྲུང་དབྱང་གིས་གནས་བབ་གསར་པའི་འོག་གི་ཤིན་ཅང་གི་ལས་དོན་ལེགས་པོ་བསྒྲུབ་རྒྱུའི་སྐོར་གྱི་བྱ་ཐབས་སྲིད་ཇུས་གལ་ཆེན་མཐའ་གཅིག་ཏུ་ལག་ལེན་བསྟར་རྒྱུ་དང་། སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ལས་དོན་དེ་འགོ་འཛུགས་ས་དང་དམིགས་སུ་འཛིན་སར་བྱས་ཏེ་ཕྱོགས་ཁག་གི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུར་གཅིག་གྱུར་འཆར་འགོད་བྱས་ནས། ལོ་རྒྱུས་ཀྱི་གོ་སྐབས་གང་ལེགས་བཟུང་རྒྱུ་དང་དམ་འཛིན་གྱིས་ཤིན་ཅང་གི་བར་བརྒལ་རྣམ་པའི་གོང་འཕེལ་མངོན་འགྱུར་ཡོང་རྒྱུར་ཆ་རྐྱེན་ལེགས་པོ་གཏོད་དགོས་པ་དང་། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་གང་ལེགས་བརྟེན་ནས་ཐུན་མོང་ཐོག་མཐུན་སྒྲིལ་འབད་ཐབས་བྱེད་དགོས། མཐུན་སྒྲིལ་ཞི་མཐུན་དང་། དཔལ་དང་འབྱོར་བ་ལྡན་པ། དཔལ་ཡོན་ཡར་ཐོན། བདེ་སྡོད་ལས་བརྩོན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཤིན་ཅང་འཛུགས་སྐྲུན་བྱེད་དགོས་ཞེས་བཏོན་ཡོད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག