མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞིན་ཅང་གི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཛེས་པའི་ཞིན་ཅང་དེ་བརྟན་འཇགས་མཐུན་སྒྲིལ་གྱི་སྤྱི་ཚོགས་ཁོར་ཡུག་དང་འབྲལ་ཐབས་མེད་ཅེས་བཤད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-04 10:55

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཉེ་ལམ་ཞིན་ཅང་གི་བྱ་བར་རྟོག་ཞིབ་མཛད་སྐབས། ཞིན་ཅང་གི་སྤྱི་ཚོགས་བརྟན་འཇགས་དང་ཡུན་སྐྱོང་བདེ་འགོད་དེ་རྒྱལ་ཡོངས་ཀྱི་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་ཁྱོན་ཡོངས་ལ་འབྲེལ་བ་ཡོད་ལ། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། རྒྱལ་ཁབ་བདེ་འཇགས་བཅས་ལ་འབྲེལ་བ་ཡོད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལའང་འབྲེལ་བ་ཡོད་ཅེས་གསུངས་བ་དང་། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཀྱང་བློ་ཐག་རྦད་ཆོད་སྒོས་མི་རིགས་ཁ་བྲལ་ལ་ངོ་རྒོལ་བྱས་ནས་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་པ་དང་། སྤྱི་ཚོགས་སྔར་ལས་བརྟན་འཇགས་ཡིན་ན་ཞིན་ཅང་ད་གཟོད་མཛེས་སྡུག་ལྡན་པར་འགྱུར་ངེས་ཡིན་ཞེས་བཤད།

ཟླ་ལྔ་བའི་ཚེས་གཅིག་ཉིན་གྱི་ཞོགས་པར་ཞིན་ཅང་སློབ་གྲྭ་ཆེན་མོ་དང་པེ་ཅིན་ཕྱི་རྒྱལ་སྐད་ཡིག་སློབ་གྲྭ་ཆེན་མོ། ཧྲང་ཧེ་འགྲིམ་འགྲུལ་སློབ་གྲྭ་ཆེན་མོ་སོགས་སློབ་ཆེན་དགུའི་ཡུ་གུར་རིགས་ཀྱི་སློབ་མ་བཅུ་གཅིག་གིས་མཉམ་དུ་ཁ་ཡིག་ལ་ང་ཚོས་སྣང་ཆུང་གཏན་ནས་བྱེད་མི་རུང་ཞེས་པའི་རྩོམ་ཡིག་ཅིག་བྲིས་ཏེ། ཝུའུ་ལུའུ་མུའུ་ཆི་ཡི་བཞི་བའི་སུམ་ཅུ་ཉིན་གྱི་དྲག་ཤུགས་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་བཏང་བར་མ་ཟད་རིགས་སོ་སོའི་མི་དམངས་མཉམ་འབྲེལ་བྱས་ནས་དྲག་ཤུགས་འཇབ་རྒོལ་མཁན་ལ་རྡུང་རྡེག་བྱེད་དགོས་པའི་གྲོས་མགོ་བཏོན།

རྩོམ་ཡིག་དེ་དྲ་ཐོག་ཏུ་བརྒྱུད་སྤེལ་བྱས་རྗེས་དྲ་དམངས་མང་བོས་ཁོ་ཚོར་སྐད་བཞག་ནས་ཁོ་ཚོའི་ཐད་ཀར་དུ་དྲག་ཤུགས་ཉེས་ཅན་ལ་ངོ་རྒོལ་བྱེད་པའི་སྤོབས་པར་བཀའ་དྲིན་ཆེ་ཞུས་པ་དང་། ཁོ་ཚོས་མུ་མཐུད་དུ་དེའི་ཕྱོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་རྒྱུའི་སྐུལ་མ་བཏང་བ་དང་གྲོགས་པོ་ལ་ལས་ད་དུང་ཡུ་གུར་རིགས་ཀྱི་ཡི་གེའི་ལམ་ནས་རྩོམ་ཡིག་དེ་སྒྲོག་རྒྱུའི་རེ་བ་བཏོན།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག