མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་སུ་གཞུང་ཞབས་པའི་ཡིག་རྒྱུགས་ནང་ཐོ་འགོད་བྱེད་མཁན་མི་གྲངས་མི་སུམ་འབུམ་དྲུག་ཁྲི་ཉུང་དུ་ཕྱིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-05-04 10:54

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྡོམ་རྩིས་གྲངས་གཞི་ལས་མངོན་པར། ད་ལོ་རྒྱལ་ཡོངས་ཀྱི་ཞིང་ལྗོངས་དང་གྲོང་ཁྱེར21ཀྱི་གཞུང་ཞབས་པའི་ཡིག་རྒྱུགས་ནང་མིང་ཐོ་འགོད་མཁན་མི་གྲངས་ན་ནིང་དང་བསྡུར་ན་མི་སུམ་འབུམ་དྲུག་ཁྲི་ཉུང་དུ་ཕྱིན་ཡོད་པ་དང་། རྒྱལ་ཁབ་གཞུང་ཞབས་པ་ཅུས་ཀྱི་ཡིག་རྒྱུགས་བསྡུ་ལེན་སའི་འགན་འཁུར་བས་གཞུང་ཞབས་པའི་ཡིག་རྒྱུགས་ནང་ཞུགས་མཁན་མི་གྲངས་ཉུང་དུ་ཕྱིན་པ་དེ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་པའི་ངོས་འཛིན་གནང་གི་ཡོད། ཡིག་རྒྱུགས་ནང་ཞུགས་མཁན་མི་ཉུང་དུ་འགྲོ་དོན་ནི་མི་རྣམས་ནས་གཞུང་ཞབས་པའི་བརྟན་པོའི་ཐོབ་ཆ་དེར་ལྟ་སྟངས་ཡག་པོ་འཛིན་གྱི་མེད་པས་ཡིན་ནམ་ཞེ་ན། གཞུང་ཞབས་པའི་ཡིག་རྒྱུགས་ལ་ཞིབ་འཇུག་ལོ་མང་གནང་མྱོང་བའི་རིགས་གཅིག་མཁས་པ་ཡུད་ཧོང་ཙེས་དེ་ནི་གཙོ་གནད་མིན། རྒྱུ་རྐྱེན་ནི་སློབ་ཐོན་སློབ་མའམ་གཞུང་ཞབས་པའི་ཡིག་རྒྱུགས་ནང་ཐོག་མར་ཞུགས་མཁན་ཚོའི་ངོས་ནས་བརྗོད་ན། གཞུང་ཞབས་པའི་བརྟན་ལྷིང་རང་བཞིན་དེ་ནི་ཚང་མས་སྔར་བཞིན་ཐོབ་རེ་བྱེད་ཀྱི་ཡོད་པ་དང་། ལྷག་པར་དུ་སློབ་གྲོགས་བུ་མོ་ཚོས་ཐོག་མར་གདམ་ག་བྱེད་ས་ཞིག་ཡིན་ཞེས་གསུངས་ཀྱི་ཡོད། ཡང་སྙིང་གཞུང་ཞབས་པའི་ཡིག་རྒྱུགས་ནང་ཞུགས་མཁན་མི་ཉུང་དུ་འགྲོ་བའི་རྒྱུ་རྐྱེན་གང་ཡིན་ཞེ་ན། ཡུད་ཧོང་ཙེས་རྒྱུ་རྐྱེན་གཙོ་བོ་ནི་གཞུང་ཞབས་པ་བསྡུ་བའི་འཆར་གཞི་ཉུང་དུ་ཕྱིན་པས་ཡིན་པའི་ངོས་འཛིན་གནང་གི་ཡོད། རྒྱལ་ཁབ་གཞུང་ཞབས་པ་ཅུས་ཀྱི་སྡོམ་རྩིས་ལས་མངོན་པར། ད་ལོ་ས་གནས་ཀྱི་གཞུང་ཞབས་པའི་འགྲན་རྩོད་ཚད་གཞི་ན་ནིང་དང་སྤྱིའི་ཆ་ནས་གཅིག་མཚུངས་ཡིན་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག