མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ད་ལོ་རྒྱལ་ཡོངས་ཀྱི་སློབ་ཆེན་སློབ་ཐོན་སློབ་མའི་མི་གྲངས་ཐེངས་དང་པོར་མི་ས་ཡ7ལས་བརྒལ་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-05-04 10:54

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ད་ལོ་རྒྱལ་ཡོངས་སློབ་ཆེན་སློབ་ཐོན་སློབ་མའི་མི་གྲངས་མི་ས་ཡ7གྱི་འགག་སྒོ་ཆེན་པོ་ལས་ཐེངས་དང་པོ་བརྒལ་ནས་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་གཏོད་རྒྱུ་ཡིན་པས་ལས་ཞུགས་དཀའ་ངལ་དེ་བས་ཆེ་རུ་འགྲོ་རྒྱུ་རེད། གསར་འགོད་པས་བརྟག་དཔྱད་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བར། ལོ་རབས་དགུ་བཅུ་པའི་ནང་སྐྱེས་པའི་སློབ་ཆེན་སློབ་ཐོན་སློབ་མ་མི་ཉུང་བ་ཞིག་གིས་ལྐོག་གྱུར་རང་བཞིན་གྱི་ལས་ཞུགས་བྱེད་པའི་རྣམ་པའི་ཐོག་ནས་མིག་སྔའི་ལས་ཞུགས་དུས་བབ་ལ་ཁ་གཏད་གཅོག་རྒྱུ་ཡིན་པ་རེད། ཀྲུང་གོའི་མཐོ་རིམ་སློབ་གྲྭའི་ལས་ཞུགས་མནའ་འབྲེལ་དྲ་བའི་འགན་འཁུར་བས་སློབ་མ་མང་པོ་ཞིག་གིས་དྲ་ཚིགས་ཐོག་ལས་ཞུགས་བྱེད་རྒྱུ་བདམས་ཡོད། ལྐོག་གྱུར་རང་བཞིན་གྱི་ལས་ཞུགས་བྱེད་རྒྱུ་དེ་ལྟོས་མེད་ཀྱིས་སྟབས་བསྟུན་ཡིན་པ་དང་ལས་ཀ་ཁེ་ལས་བྱ་གཞག་ཚན་པ་ཁོ་ནར་ཚོད་འཛིན་མི་བྱེད་པ་དང་ཁ་ཕྱོགས་ཞིབ་འཇུག་སློབ་མ་དང་གཞུང་ཞབས་པའི་ཡིག་རྒྱུགས་གཏོང་བའི་ནང་ཚོད་འཛིན་ཐུབ་ཀྱི་མེད་ཅེས་བཤད་འདུག

རིགས་གཅིག་མཁས་པས་ལྐོག་གྱུར་རང་བཞིན་གྱི་ལས་ཞུགས་ནི་མིག་སྔར་སློབ་ཆེན་སློབ་མས་ལས་ཞུགས་དཀའ་ངལ་ལ་ཁ་གཏད་གཅོག་པའི་ཐབས་ཇུས་ཤིག་ཡིན་པའམ་ཡང་ན་བར་བརྒལ་གྱི་ཐབས་ཤེས་ཤིག་རེད། ལོ་རབས་དགུ་བཅུ་པའི་ནང་སྐྱེས་པའི་སློབ་ཆེན་སློབ་ཐོན་སློབ་མའི་ཁྱད་ཆོས་ལ་དམིགས་ནས་མཐོ་རིམ་སློབ་ཆེན་གྱིས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ལས་ཞུགས་མཛུབ་ཁྲིད་བྱས་ནས་ཁོང་ཚོར་དེ་བས་རྒྱང་རིང་དང་བརྟན་པའི་ལས་ཞུགས་ལམ་བུ་འཚོལ་རོགས་བྱེད་དགོས་ཞིང་། རྒྱང་རིང་ནས་ལྟས་ན། སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་དཀའ་བའི་གཏིང་ཟབ་པའི་གྲུབ་ཆའི་འགལ་ཟླ་ཐག་གཅོད་བྱེད་པ་དང་ད་དུང་མཐོ་རིམ་སློབ་གསོར་སྒྱུར་བཅོས་བྱེད་དགོས་པའི་ངོས་འཛིན་གནང་འདུག  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག