མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ས་གནས་ཁག་གི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-05-04 09:25

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལྔ་གཅིག་ངལ་རྩོལ་དུས་ཆེན་རིང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་པུའི་དྲ་ཚིགས་ཐོག་གི་སྲོལ་ངན་བཞི་ཡོ་བསྲང་བྱེད་པའི་ལྟ་སྐུལ་ཐེར་འདོན་བྱེད་ས་དེས་མུ་མཐུད་ནས་ནུས་ཐོན་བཞིན་ཡོད་པ་དང་། ས་གནས་ཁག་གི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་སྒྲིག་ཁྲིམས་ལག་བསྟར་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་སྟེ། ཧའེ་ནན་ཞིང་ཆེན་རིམ་ཁག་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་གཞུང་དངུལ་བཏང་ནས་ཡུལ་སྐོར་ལ་འགྲོ་བ་དང་། གཞུང་གི་རླངས་འཁོར་སྒེར་དོན་ཆེད་བེད་སྤྱོད་གཏོང་བ། གཞུང་དངུལ་བཏང་ནས་རྒྱས་བཟའ་རྒྱས་འཐུང་བྱེད་པ། སྒྲིག་སྲོལ་ལས་བརྒལ་ནས་ཕན་བདེ་སྤྲོད་པ། ལས་ཀའི་སྒྲིག་ལམ་ལས་འགལ་བ་སོགས་དུས་ཆེན་སྐབས་ཐོན་པའི་གནད་དོན་ལ་དམིགས་ནས། མིང་འདོན་བྱས་ཏེ་ཡོངས་བསྒྲགས་བྱེད་པའི་བྱ་ཐབས་བརྒྱུད་བཅོས་སྒྲིག་ནན་པོ་བྱས་ཡོད་པ་རེད། ནང་སོག་གི་སྒྲིག་ཁྲིམས་ཞིབ་བཤེར་ཚན་པས་ལྔ་གཅིག་ངལ་རྩོལ་དུས་ཆེན་རིང་། ལྟ་སྐུལ་ཞིབ་བཤེར་ལས་དོན་སྤེལ་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། མངོན་ལྐོག་གཉིས་ནས་ལྟ་ཞིབ་བྱེད་པ་མ་ཟད། བྱ་ཐབས་སྣ་མང་བརྒྱུད་ཞིབ་བཤེར་ལྔ་ཞེས་པའི་བྱེད་སྒོ་སྤེལ་ནས། སྒྲིག་སྲོལ་ལས་བརྒལ་བའི་གནད་དོན་ཤེས་ཚེ་ཐག་གཅོད་ནན་པོ་བྱེད་པ་དང་། བརྡ་ཁྱབ་གཏོང་བ་མ་ཟད། དོ་དམ་ལས་དོན་ཡག་པོ་གྲུབ་མེད་པའི་འབྲེལ་ཡོད་འགོ་ཁྲིད་ཀྱི་འགན་འཁྲི་བརྩད་གཅོད་བྱས་ཡོད། ལྔ་གཅིག་ངལ་རྩོལ་དུས་ཆེན་རིང་། ཞི་ཨན་གྱི་ཁུལ་དང་རྫོང་ཁག་དང་། ཚན་པ་ཁག་གིས་ཁྲིམས་འཛིན་དང་ལས་རེས་རླངས་འཁོར་ཕུད། གཞུང་དོན་རླངས་འཁོར་གཞན་ཚང་མ་བཏང་མི་ཆོག་པ་བཟོས་ཡོད། ལྔ་གཅིག་ངལ་རྩོལ་དུས་ཆེན་གོང་དུ། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་པུའི་དྲ་ཚིགས་ཐོག་གཟའ་འཁོར་བཞི་བསྟུད་མར་ཀྲུང་དབྱང་གི་གཏན་འབེབས་ཁག་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གྱོད་གཞི་719བརྡ་ཁྱབ་བཏང་ཡོད་པ་རེད།

གལ་ཆེའི་དུས་ཆེན་གྱི་དུས་ཚོད་དམ་འཛིན་བྱས་ནས་སྲོལ་བཟང་འཛུགས་པ་དང་སྒྲིག་ཁྲིམས་ནན་དུ་གཏོང་རྒྱུ་དེ། སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ནུས་ལྡན་གྱི་ཉམས་མྱོང་ཞིག་ལ་འགྱུར་ཡོད་པ་རེད། ལོ་གཅིག་གི་ནང་ཚུན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་པུས་གལ་ཆེའི་དུས་ཚོད་ཀྱི་འགག་རྩའི་གནས་འབྲེལ་མཐུད་བྱས་ནས། གོམ་པ་རིམ་བགྲོད་དང་། རིམ་བཞིན་གཏིང་ཟབ་ཏུ་གཏོང་བ། ལས་སླ་བ་ནས་དཀའ་བའི་བར། ཡུན་རིང་དམ་འཛིན་བྱེད་པ་དང་། རྟག་ཏུ་དམ་འཛིན་བྱེད་པ་བཅས་བྱས་ཏེ། ལེགས་གྲུབ་ལྡན་པའི་བྱ་བ་ཆུང་ཆུང་མང་པོ་བསྡུས་ནས་གྲུབ་འབྲས་ཆེན་པོ་ཐོབ་པ་བྱེད་པ་དང་། མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པ་དེས་སྤྱོད་ཚུལ་ཁྱོན་ཡོངས་ནས་ལེགས་སུ་འགྲོ་རྒྱུར་སྐུལ་ཁྲིད་ཐུབ་པ་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག