མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཤིན་ཅང་གིས་སྒོར་དུང་ཕྱུར41.6བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་ཁ་གསབ་ཇེ་མཐོ་རུ་བཏང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-05-04 09:25

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ས་གནས་ཁག་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ལས་དོན་ཡག་པོ་སྤེལ་རྒྱུར་འགན་ལེན་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་གྱི་གཞི་རྩའི་འཚོ་བར་འགན་སྲུང་ཏན་ཏིག་བྱེད་ཆེད། ལྔ་གཅིག་ངལ་རྩོལ་དུས་ཆེན་གོང་དུ་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དམངས་སྲིད་ཐིང་དང་། ནོར་སྲིད་ཐིང་གིས་མཉམ་འབྲེལ་ཐོག་བརྡ་ཐོ་བཏང་ནས། སྤྱི་ལོ2014ལོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་ཁ་གསབ་སྔོན་རྩིས་མ་དངུལ་སྒོར་དུང་ཕྱུར41.6ས་གནས་ཁག་ཏུ་གཤམ་སྤྲོད་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། ད་ལོའི་ནང་ཚུན། རང་སྐྱོང་ལྗོངས་དེའི་དམངས་སྲིད་ཐིང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་གི་བཀོད་སྒྲིག་ལྟར། མ་དངུལ་བསྡུ་རུབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་མཐོ་རུ་གཏོང་བའི་ལས་གཞི་ལག་བསྟར་བྱེད་པ། སྤྱི་ཚོགས་རོགས་སྐྱོབ་དང་འགན་སྲུང་ཚད་གཞི་དང་ཟོག་གོང་འཕར་བ་འབྲེལ་བ་བྱེད་པའི་མཉམ་འགུལ་སྒྲིག་གཞི་དོན་འཁྱོལ་བྱེད་པ། དུས་ཐོག་ཏུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་ལ་རིན་གོང་ཁ་གསབ་སྤྲོད་པ་བཅས་བྱས་ནས། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་དང་ལེགས་བཅོས་ནུས་ལྡན་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག