མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞིན་ཅང་གི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་མཉམ་དུ་ཝུའུ་ལུའུ་མུའུ་ཆིའི་མེ་འཁོར་ས་ཚིགས་ལྷོ་མའི་འགས་གཏོར་གྱོད་དོན་ལ་རྒོལ་གཏམ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-03 10:15

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཞི་བའི་ཚེས་སུམ་ཅུ་ཉིན་ཝུའུ་ལུའུ་མུའུ་ཆིའི་མེ་འཁོར་ས་ཚིགས་ལྷོ་མ་ནས་འགས་གཏོར་དོན་རྐྱེན་བྱུང་བར་དམིགས་ནས། ཞིན་ཅང་གི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་མགྲིན་གཅིག་ཏུ་དེར་རྒོལ་གཏམ་དྲག་པོ་བཏང་། ཁོ་ཚོས་བདེ་སྐྱིད་བརྟན་འཇགས་ཀྱི་འཚོ་བ་རོལ་རྒྱུ་ནི་ལས་སླ་མོ་ཞིག་མིན་པས། རིགས་སོ་སོའི་མང་ཚོགས་ཀྱི་མཐུན་སྒྲིལ་གཅིག་གྱུས་སྒོས་མཛེས་སྡུག་གི་ཁྱིམ་གཞི་འཛུགས་སྐྲུན་བྱེད་པའི་བརྩོན་སེམས་ལ་འགྱུར་བ་མེད་པ་དང་། ཞིན་ཅང་གི་སྤྱི་ཚོགས་བརྟན་འཇགས་ལ་གཏོར་བརླག་བྱེད་འདོད་པའི་བྱ་འགུལ་ཚང་མ་ཕམ་པར་འགྱུར་ངེས་ཞེས་བཤད།

ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་ཐེན་ཧྲན་ས་ཁུལ་གྱི་ཀྲང་ཅན་གྱིས་བཤད་རྒྱུར། ཞིན་ཅང་འཕེལ་རྒྱས་ཀྱི་གོ་སྐབས་བཟང་བོར་འཕྲད་ཡོད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་སྲིང་དང་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ལ། རིགས་སོ་སོའི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་འགྲོ་བཞིན་ཡོད། སྤྱི་ཚོགས་ཟང་ཟིང་དུ་གཏོང་འདོད་པའི་འགུལ་སྐྱོད་ལ་སུས་ཀྱང་རྒྱབ་སྐྱོར་བྱེད་མི་སྲིད་ལ། དེ་ཕམ་པར་འགྱུར་བ་ཤ་སྟག་ཡིན་ཟེར།

ཧ་མུས་གྲོང་ཁྱེར་ཝུའུ་པའོ་ཞང་ཆི་ཀིར་ཐིས་མ་ཁི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཨ་ཧི་མའོ་ལ་སའེ་ཏུའུ་ལེ་ཡིས་བཤད་རྒྱུར། སྤྱི་ཚོགས་བརྟན་འཇགས་ཡིན་ན་མང་ཚོགས་ཀྱིས་ད་གཟོད་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པས། སྤྱི་ཚོགས་བརྟན་འཇགས་ལ་གཏོར་བརླག་བྱས་པའི་དྲག་ཤུགས་འཇིགས་སྐུལ་དོན་རྐྱེན་དེར་ང་ཚོ་ཚང་མས་མཐའ་གཅིག་ཏུ་རྒོལ་གཏམ་བཏང་བ་ཡིན་ལ། ཁ་བྲལ་མི་སྣ་སུས་ཀྱང་ང་ཚོས་བདེ་སྐྱིད་འཚོ་བ་སྙེག་པར་གཏོར་བརླག་བྱེད་མི་ཆོག་ཟེར།

ཞིན་ཅང་དགེ་ཐོན་སློབ་ཆེན་གྲངས་ཉུང་མི་རིགས་དེང་རབས་ཅན་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་ཝང་ཕེན་གྱིས་བཤད་རྒྱུར། ཞིན་ཅང་གི་དཔལ་འབྱོར་དང་སྤྱི་ཚོགས་ལ་འཕེལ་རྒྱས་ཀྱི་གནས་བབ་བཟང་བོ་བྱུང་ཡོད་པའི་སྐབས་དང་། རིགས་སོ་སོའི་མི་དམངས་ཀྱིས་ཡིད་ཆེས་ཆེན་པོས་འཆམ་མཐུན་ལ་རེ་ལྟོས་བྱེད་པའི་སྐབས་སུ། བདེ་འཇགས་ལ་གཏོར་བརླག་བྱེད་པ་དང་དྲག་ཤུགས་འཇིགས་སྐུལ་དོན་རྐྱེན་སློང་འདོད་པའི་བྱ་སྤྱོད་ཐམས་ཅད་ལ་ཆམ་ཕབ་དྲག་པོ་གཏོང་དགོས་ཟེར།

ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་ཁྲི་ཤོག་བཅུ་གསུམ་པའི་ཝང་ཧོས་ཞང་གིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ་ཞིན་ཅང་གི་འཕེལ་རྒྱས་ནི་མིག་མཐོང་ལག་ཟིན་ཡིན་ལ། མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་དོན་ངོ་མས་ཇེ་མཐོར་སོང་ཡོད། འཇིགས་སྐུལ་བྱ་འགུལ་སྤེལ་ནས་ཞིན་ཅང་གི་འཕེལ་རྒྱས་ལ་གཏོར་བརླག་བྱེད་འདོད་པའི་ལྐོག་གཡོ་ཚང་མ་ཕམ་པར་འགྱུར་ངེས། ཆམ་ཕབ་དྲག་པོ་བཏང་ནས་བདེ་འཇགས་དང་བརྟན་འཇགས་མིན་པའི་རྒྱུ་རྐྱེན་ཚང་མ་རྩ་བ་ནས་མེད་པར་བཏང་ན། ད་གཟོད་མི་དམངས་ཀྱི་སེམས་བདེ་ལ་འབབ་ཐུབ་པ་དང་། ད་གཟོད་སྤྱི་ཚོགས་བརྟན་འཇགས་ཡོང་ངེས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག