མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྐབས་བཅོ་བརྒྱད་པའི་ཀྲུང་གོ་ན་གཞོན་ལྔ་བཞིའི་བྱ་འགུལ་གྱི་དཔྱད་འདེམ་མཇུག་འབྲས་དངོས་སུ་ཤེས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-03 10:15

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས2ཉིན་གུང་གཞོན་ཚོགས་པ་ཀྲུང་དབྱང་ནས་ཤེས་གསལ་བྱུང་བ་ལྟར་ན། དེང་རབས་ན་གཞོན་གྱི་ཕུལ་བྱུང་དཔེ་དབྱིབས་འཛུགས་པ་དང་དེ་དྲིལ་སྒྲོག་བྱེད་ཆེད། གུང་གཞོན་ཚོགས་པ་ཀྲུང་དབྱང་དང་རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་ལྷན་ཚོགས་ཀྱིས། ཝང་ཧུང་པེན་སོགས་བློ་མཐུན་སུམ་ཅུ་ལ་སྐབས་བཅོ་བརྒྱད་པའི་ཀྲུང་གོ་ན་གཞོན་ལྔ་བཞིའི་བྱ་དགའ་གནང་རྒྱུ་དང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག71426དམག་དཔུང་གི་ཡན་ལག་དམག་དཔུང་གྱ་བརྒྱད་པ་སོགས་ན་གཞོན་ཐུན་མོང་གཉིས་ལ་ཀྲུང་གོ་ན་གཞོན་ལྔ་བཞིའི་ཐུན་མོང་བྱ་དགའ་གནང་རྒྱུ། ཁུན་ལིན་ཡོན་སོགས་བློ་མཐུན་བདུན་ལ་སྐབས་བཅོ་བརྒྱད་པའི་ཀྲུང་གོ་ན་གཞོན་ལྔ་བཞིའི་བྱ་དགའི་མིང་བཏོན་བྱ་དགའ་གནང་རྒྱུའི་ཐག་བཅད།

དེས་མི་ཚད། གུང་གཞོན་ཚོགས་པ་ཀྲུང་དབྱང་གིས་ཙུང་ཅ་སོགས་བློ་མཐུན་བརྒྱ་དང་གོ་གསུམ་ལ་ཉིས་སྟོང་བཅུ་གསུམ་ལོའི་རྒྱལ་ཡོངས་ཕུལ་བྱུང་གུང་གཞོན་ཚོགས་མིའི་མཚན་སྙན་གནང་རྒྱུ་དང་། ལིས་ཡན་སོགས་བློ་མཐུན་བརྒྱ་དང་སོ་བརྒྱད་ལ་ཉིས་སྟོང་བཅུ་གསུམ་ལོའི་རྒྱལ་ཡོངས་ཕུལ་བྱུང་གུང་གཞོན་ཚོགས་པའི་ལས་བྱེད་པའི་མཚན་སྙན་གནང་རྒྱུ། པེ་ཅིན་རླངས་འཁོར་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་སོགས་གཞི་རིམ་གྱི་གུང་གཞོན་ཚོགས་པའི་རྩ་འཛུགས་སུམ་བརྒྱ་དང་དགུ་བཅུ་ལ་ཉིས་སྟོང་བཅུ་གསུམ་ལོའི་རྒྱལ་ཡོངས་ལྔ་བཞིའི་དར་དམར་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་གི་མཚན་སྙན་གནང་རྒྱུའི་ཐག་བཅད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག