མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་ཀྱི་ལྕགས་ལམ་སྟེང་ཚེས་གཅིག་ཉིན་འགྲུལ་བ་བསྐྱལ་ཚད་བྱེ་བ་གཅིག་ལས་བརྒལ་ཏེ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་བསྐྲུན།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-03 10:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ལྕགས་ལམ་སྡེ་ཁག་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་ལྔ་བའི་ཚེས་གཅིག་ཉིན་རྒྱལ་ཡོངས་ཀྱི་ལྕགས་ལམ་སྟེང་འགྲུལ་བ་བསྐྱལ་ཚད་མི་ཐེངས་བྱེ་བ་གཅིག་དང་འབུམ་དྲུག་ཁྲི་ལྔ་སྟོང་གསུམ་ལ་བསླེབས་ནས། ན་ནིང་གི་ལྔ་གཅིག་སྐབས་ལས་མི་ཐེངས་ས་ཡ་གཅིག་དང་འབུམ་བདུན་ཁྲི་དྲུག་སྟོང་བདུན་གྱིས་མང་ལ་བརྒྱ་ཆའི་བཅུ་དགུ་དང་གྲངས་ཆུང་དགུ་འཕར་ཏེ། ལྕགས་ལམ་སྟེང་ཉིན་གཅིག་ལ་འགྲུལ་བ་བསྐྱལ་ཚད་ཀྱི་ཟིན་ཐོ་གསར་བ་བསྐྲུན་ཟེར།

དེའི་ནང་པེ་ཅིན་ལྕགས་ལམ་ཅུའུ་ཡིས་འགྲུལ་བ་བསྐྱལ་ཚད་མི་ཐེངས་ས་ཡ་གཅིག་དང་འབུམ་གཅིག་ཁྲི་དགུ་སྟོང་གསུམ་ཡིན་ལ། དུས་མཉམ་ལས་མི་ཐེངས་འབུམ་གཅིག་དང་ཁྲི་དྲུག་སྟོང་བརྒྱད་ཀྱིས་མང་བ་དང་བརྒྱ་ཆའི་བཅུ་དྲུག་དང་གྲངས་ཆུང་བཞི་འཕར། ཧྲང་ཧེ་ལྕགས་ལམ་ཅུའུ་ཡིས་འགྲུལ་བ་བསྐྱལ་ཚད་མི་ཐེངས་ས་ཡ་གཉིས་དང་འབུམ་གཉིས་ཁྲི་བཞི་སྟོང་གཉིས་ཡིན་ལ། དུས་མཉམ་ལས་མི་ཐེངས་འབུམ་ལྔ་དང་ཁྲི་ལྔ་སྟོང་བདུན་གྱིས་མང་ལ་བརྒྱ་ཆའི་སོ་གསུམ་དང་གྲངས་ཆུང་གཅིག་འཕར། ཀོང་ཀྲིག་ལྕགས་ལམ་སྡེ་ཚོགས་ཀྱིས་འགྲུལ་བ་བསྐྱལ་ཚད་མི་ཐེངས་ས་ཡ་གཅིག་དང་འབུམ་གཉིས་ཁྲི་དགུ་སྟོང་གཉིས་ཡིན་ལ། དུས་མཉམ་ལས་མི་ཐེངས་འབུམ་གཉིས་དང་སྟོང་གསུམ་གྱིས་མང་ལ་བརྒྱ་ཆའི་བཅོ་བརྒྱད་དང་གྲངས་ཆུང་བདུན་འཕར།

འགྲུལ་བ་བསྐྱལ་ཚད་མཐོ་བ་དང་། མྱུར་བགྲོད་མེ་འཁོར་གྱི་ནུས་པ་མངོན་གསལ་ཡིན་པ། ལྕགས་ལམ་དྲ་བ་རྒྱུན་ཆད་མེད་པར་འཐུས་ཚང་དུ་སོང་བ། སྐྱེལ་འདྲེན་གྱི་རྩ་འཛུགས་ལ་གོ་རིམ་ཡོད་པ། བདེ་འཇགས་ཡིན་པ། སྟབས་བདེ་བ་བཅས་ནི་ད་ལོའི་ལྔ་གཅིག་སྐབས་ཀྱི་ལྕགས་ལམ་སྐྱེལ་འདྲེན་གྱི་ཁྱད་ཆོས་གཙོ་བོ་རེད།

ཟླ་ལྔ་བའི་ཚེས་གཅིག་ཉིན། རྒྱལ་ཡོངས་ཀྱི་ལྕགས་ལམ་སྟེང་བསྡོམས་པས་འགྲུལ་སྐྱེལ་མེ་འཁོར་སྟོང་བཞི་དང་བརྒྱད་བརྒྱ་བཅུ་གསུམ་བཏང་བ་དང་། གནས་སྐབས་ཀྱི་འགྲུལ་སྐྱེལ་མེ་འཁོར་སུམ་བརྒྱ་དང་ཞེ་དྲུག་གསར་དུ་བསྣན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག