མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་མྱུར་བགྲོད་ཕུག་ལམ་སྟེ་མདོ་ལ་རི་བོའི་ཕུག་ལམ་ཤར་གཏོང་བྱུང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-05-02 13:13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ5བའི་ཚེས1ཉིན་གྱི་ཆུ་ཚོད10དང་སྐར་མ10ཡི་ཐོག མཚོ་བོད་མཐོ་སྒང་གི་བྱང་ཤར་མཚམས་སུ་གནས་པའི་མདོ་ལ་རི་བོའི་དབུས་ནས་རྟེན་འབྲེལ་ཞུ་བའི་ཤོག་སྦག་གི་སྒྲ་གྲགས་འོང་ཞིང་། ལན་གྲུ་ནས་ཤིན་ཅང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་གཙོ་གནད་ཚོད་འཛིན་རང་བཞིན་གྱི་ལས་གཞི་སྟེ་མདོ་ལ་རི་བོའི་ཕུག་ལམ་དང་པོ་བདེ་བླག་ངང་ཤར་གཏོང་ཐུབ་ཡོད། དེའི་ཐོག་ནས་ཀྲུང་གོ་ལྕགས་ལམ་ཀུང་སི་ཅུད་ཉི་ཤུ་ཚོགས་པའི་འཛུགས་སྐྲུན་མི་སྣ་སྟོང་ཕྲག་གིས་ལོ་བཞི་ལྷག་འབད་འཐབ་བྱས་ཏེ་སྐྲུན་པའི་འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཡིན་པའི་མྱུར་བགྲོད་ལྕགས་ལམ་གྱི་ཕུག་ལམ་སྟེ། ལན་གྲུ་ནས་ཤིན་ཅང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་མདོ་ལ་རི་བོའི་ཕུག་ལམ་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་པ་མཚོན་ཡོད་པ་རེད།

ཀན་སུའུ་དང་། མཚོ་སྔོན། ཤིན་ཅང་བཅས་ཞིང་ལྗོངས་གསུམ་བརྒལ་བའི་ལན་གྲུ་ནས་ཤིན་ཅང་བར་གྱི་མྱུར་བགྲོད་ལྕགས་ལམ་ཧྲིལ་པོའི་རིང་ཚད་ལ་སྤྱི་ལེ1776ཡོད་པ་དང་། འཆར་བཀོད་ལྟར་ན་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ200ཡན་ཟིན་པ་བྱེད་རྒྱུ་ཡིན་ཞིང་། རང་རྒྱལ་གྱི་ས་མཐོའི་མྱུར་བགྲོད་ལྕགས་ལམ་ཐོག་མ་དེ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག