མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཝུའུ་ལུའུ་མུའུ་ཆི་ནས་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་སྒྲུབ་མཁན། སྔོན་ཐོན་མི་སྣ་བཅས་ཀྱི་འཐུས་མིར་མཇལ་འཕྲད་གནང་བ་དང་། རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་ལ་ལྔ་གཅིག་ངལ་རྩོལ་དུས་ཆེན་གྱི་འཚམས་འདྲི་ཞུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-02 13:12

习近平向全国广大劳动者致以“五一”节问候.jpg

  ཟླ་བཞི་བའི་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར། ཞིན་ཅང་གི་བྱ་བར་གཟིགས་ཞིབ་མཛད་བཞིན་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་ནས་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་སྒྲུབ་མཁན། སྔོན་ཐོན་མི་སྣ་བཅས་ཀྱི་འཐུས་མིར་མཇལ་འཕྲད་གནང་་བར་མ་ཟད་ཁོ་ཚོ་དང་བཞུགས་མོལ་མཛད།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་གྱི་སྔོན་དག་དག་ལ། ཞིན་ཅང་གི་བྱ་བར་གཟིགས་ཞིབ་མཛད་བཞིན་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་ནས་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་སྒྲུབ་མཁན། སྔོན་ཐོན་མི་སྣ་བཅས་ཀྱི་འཐུས་མིར་མཇལ་འཕྲད་གནང་བ་དང་། རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་ལ་ལྔ་གཅིག་ངལ་རྩོལ་དུས་ཆེན་གྱི་འཚམས་འདྲི་ཞུས།

  ཟླ་བཞི་བའི་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་ཡས་མས་སུ། ཞི་ཅིན་ཕེན་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་རྣམ་གཉིས་ཀྱིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་ཧྲུའུ་ཅི་ཀྲང་ཁྲུན་ཞན་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་ནུའུ་ཨར་པེ་ཁི་ལི་དང་མཉམ་དུ་ཞིན་ཅང་དབྱིན་པིན་མགྲོན་ཁང་ནས་ཞིན་ཅང་གི་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་སྒྲུབ་མཁན། སྔོན་ཐོན་མི་སྣ་བཅས་ཀྱི་འཐུས་མི་ཉེར་བརྒྱད་ལ་མཇལ་འཕྲད་གནང་བར་མ་ཟད། ཞི་ཅིན་ཕེན་གྱིས་ཚང་མ་དང་མཉམ་དུ་པར་བླངས། དེའི་རྗེས་སུ་ཞི་ཅིན་ཕེན་གྱིས་ཁོ་ཚོ་དང་བཞུགས་མོལ་མཛད།

  བཞུགས་མོལ་ཚོགས་འདུའི་སྟེང་ཞི་ཅིན་ཕེན་གྱིས་རྒྱ་ཆེའི་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་བྱ་བ་སྒྲུབ་མཁན། སྔོན་ཐོན་མི་སྣ་བཅས་ཀྱི་གཟི་བརྗིད་མཚན་སྙན་གཅེས་སྤྲས་བྱས་ཏེ། མགོ་ཚུགས་ས་གསར་བ་ནས་མུ་མཐུད་དུ་ལས་སྐྲུན་བྱེད་པ་དང་ཡར་བསྐྱར་བྱས་རྗེས་འཇོག་དགོས་པའི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག