མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

དུས་ཆེན་རིང་སྲོལ་ངན་ཐོན་རྒྱུར་བཅོས་སྒྲིག་ནན་པོ་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-05-02 13:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལྔ་གཅིག་ངལ་རྩོལ་དུས་ཆེན་ཤར་བ་དང་བསྟུན་ནས་ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་ནས་སྲོལ་ངལ་བཞི་བཅོས་སྒྲིག་བྱ་རྒྱུའི་ཐད་འབྲེལ་ཡོད་བཀོད་སྒྲིག་གནང་བ་དང་། ལས་ཁུངས་དང་ཚན་པ་ཁག་ཅིག་གིས་ཀྱང་སྒྲིག་ཁྲིམས་བསྐྱར་བཤད་བྱས་ཏེ། གཏན་འགོག་རང་བཞིན་གྱི་གཏན་འབེབས་བྱས་པ་དང་། དུས་ཆེན་རིང་སྤྱོད་གཙང་ཡོང་རྒྱུ་དར་སྤེལ་བཏང་ཡོད་པ་རེད།

ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་བྱས་ཚུན། རིམ་ཁག་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ལས་ཁུངས་ནས་སྤྱི་ལོའི་ལོ་གསར་དང་། དཔྱིད་གསར་དུས་ཆེན། ལྔ་གཅིག་ངལ་རྩོལ་དུས་ཆེན། སྣྲོན་ཟླའི་ཚེས་ལྔའི་དུས་ཆེན། ཟླ་མཆོད་དུས་ཆེན། རྒྱལ་སྟོན་དུས་ཆེན་སོགས་གལ་ཆེའི་དུས་ཆེན་གྱི་སྐབས་སུ་གཅིག་སྡུད་ཐོག་སྔ་ཙམ་དམ་འཛིན་དང་ཆུང་ཙག་ནས་དམ་འཛིན་བྱེད་པ། གོམ་པ་རིམ་བགྲོད་བྱེད་པ་བཅས་བརྒྱུད་ཏང་སྲོལ་སྲིད་སྲོལ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཡོད་པ་རེད།

སྒྲིག་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་སྡེ་ཁག་ནས་ལོ་གོང་མའི་གནས་ཚུལ་ཕྱོགས་བསྡོམས་བྱས་པར་གཞིགས་ན། ལྔ་གཅིག་ངལ་གསོའི་རིང་ཐོན་སྲིད་པའི་སྲོལ་ངལ་བཞིའི་གནད་དོན་གཙོ་བོ་གཞུང་དངུལ་བཏང་ནས་ཟ་འཐུང་བྱེད་པ་དང་། གཞུང་དངུལ་བཏང་ནས་ཡུལ་སྐོར་ལ་བསྐྱོད་པ། གཞུང་གི་རླངས་འཁོར་སྒེར་གྱིས་བེད་སྤྱོད་བྱེད་པ། གཉེན་སྒྲིག་དགའ་སྟོན་སོགས་ཀྱི་བྱེད་སྒོ་གྲ་རྒྱས་པོ་སྤེལ་བ་སོགས་ཀྱི་ཐད་ཡིན་པས། དེ་ཡང་ཡོ་བསྲང་དང་ཞིབ་བཤེར་ཐག་གཅོད་བྱེད་ས་གཙོ་བོ་ཞིག་ཡིན། འབྲེལ་ཡོད་ཚན་པས་བྱ་ཐབས་ནན་པོ་བཏོན་ནས་དོ་དམ་གནད་ལ་འཁེལ་བ་དང་། དམ་འཛིན་མཐའ་གཅིག་ཏུ་བྱས་ཏེ། སྲོལ་ངལ་གནས་ཚུལ་མི་ཐོན་པ་བྱ་རྒྱུ་ཡིན་པ་རེད།

མང་ཚོགས་ཀྱིས་གནས་ཚུལ་གསལ་ཤོས་ཤེས་པ་དང་། མང་ཚོགས་ཀྱི་ལྟ་སྐུལ་ནི་ཆེས་ནུས་ལྡན་ཞིག་ཡིན། ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་པུའི་དྲ་ཚིགས་ཀྱི་དྲ་ངོས་ཐོག་སྲོལ་ངལ་བཞི་ཡོ་བསྲང་བྱེད་པའི་ལྟ་སྐུལ་ཐེར་འདོན་བྱེད་ས་བཙུགས་ནས། མང་ཚོགས་ནས་གནད་དོན་ཐེར་འདོན་བྱ་རྒྱུར་སྟེགས་བུ་བསྐྲུན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག