མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཝུའུ་ལུའུ་མུའུ་ཆིའི་མེ་འཁོར་ས་ཚིགས་ལྷོ་མའི་ཕྱི་རོལ་ནས་འགས་གཏོར་དོན་རྐྱེན་བྱུང་བར་མཛུབ་སྟོན་གལ་ཆེན་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-02 13:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཞི་བའི་ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོའི་དུས་ཚོད་བདུན་ཡས་མས་སུ། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་གྱི་མེ་འཁོར་ས་ཚིགས་ལྷོ་མའི་ཕྱི་རོལ་ནས་འགས་གཏོར་དོན་རྐྱེན་ཞིག་བྱུང་། མིག་སྔའི་བར་དུ་འགས་གཏོར་དོན་རྐྱེན་ཁྲོད་ནས་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་མི་དོན་དགུ་ལ་རྨས་ཕོག་པ་མ་ཟད། མི་བཞིའི་རྨས་ཧ་ཅང་ལྗིད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་གནས་ཚུལ་དེ་ཤེས་རྗེས། མྱུར་དུ་མཛུབ་སྟོན་གནང་ནས། ངེས་པར་དུ་ཞིན་ཅང་གི་ཁ་བྲལ་དང་ཁ་བྲལ་ངོ་རྒོལ་བར་གྱི་འཐབ་རྩོད་ཀྱི་ཡུན་རིང་རང་བཞིན་དང་རྙོག་འཛིང་རང་བཞིན། རྣོ་ངར་རང་བཞིན་བཅས་ལ་ངོས་འཛིན་ཟབ་མོ་བྱས་ཏེ། དྲག་ཤུགས་འཇིགས་སྐུལ་ངོ་རྒོལ་གྱི་འཐབ་རྩོད་དེ་ཡུད་ཙམ་ལ་ཡང་ལྷོད་གཡེང་དུ་གཏོང་མི་རུང་བ་དང་། ངེས་པར་དུ་བློ་ཐག་ཆོད་པོའི་བྱེད་ཐབས་སྤྱད་དེ་དྲག་ཤུགས་འཇིགས་སྐུལ་མི་སྣའི་གདུག་རྩུབ་ཀྱི་བྱ་སྤྱོད་ལ་མཐའ་གཅིག་ཏུ་ཆམ་ཕབ་གཏོང་དགོས། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱིས་སྟོབས་ཤུགས་ཡོད་རྒུས་རྨས་མ་མྱུར་སྐྱོབ་བྱེད་པ་དང་། གྱོད་དོན་རྩད་གཅོད་པ། ཉེས་ཅན་ཁྲིམས་ལ་སྦྱོར་བ་བཅས་བྱེད་དགོས། སྤྱི་ཚོགས་སྟེང་གི་བརྟན་འཇགས་ཚོད་འཛིན་བྱ་བ་བཟང་བོར་བསྒྲུབ་སྟེ་རིགས་སོ་སོའི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་རྒྱུན་ལྡན་གྱི་བྱ་བ་དང་འཚོ་བའི་སྒྲིག་ལམ་ལ་དངོས་སུ་འགན་སྲུང་བྱེད་དགོས་ཞེས་བསྟན།

མིག་སྔར་རྨས་མ་ཚང་མ་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་པ་དང་། གྱོད་དོན་རྩད་གཅོད་པའི་བྱ་བ་བྲེལ་འཚུབ་ཀྱིས་སྒྲུབ་བཞིན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག