མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

2014ལོར་མི་རིགས་ས་ཁུལ་གྱི་ལས་ཞུགས་གོམ་སྟོབས་ཇེ་མགྱོགས་སུ་གཏོང་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-05-02 13:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2014ལོར་མི་རིགས་ས་ཁུལ་གྱིས་ལས་ཞུགས་འཆར་གཞིར་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་ཡིན་པ་དེས་ལས་ཞུགས་ལ་དཀའ་ངལ་ཡོད་པའི་མི་སྣ་དེ་བས་མང་བར་ལས་ཞུགས་ཐུབ་རྒྱུར་རོགས་རམ་བྱ་རྒྱུ་ཡིན་པ་རེད།

2014ལོར་ནང་སོག་གིས་བྱ་གཞག་གསར་སྐྲུན་དང་ལས་ཞུགས་ལས་གཞི་ལག་བསྟར་བྱས་ནས་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ130000ཙམ་ལ་ལས་ཞུགས་ཐུབ་པ་བྱ་རྒྱུ་དང་། ནང་སོག་རང་སྐྱོང་ལྗོངས་ཀྱི་མཐོ་རིམ་སློབ་ཐོན་སློབ་མའི་མི་གྲངས་སྤྱི་ལོ2009ལོའི་ཚུན་དུ་འཕར་སྣོན་འགྲོ་བའི་རྣམ་པ་ཐོན་ཞིང་། ད་ལོ་སློབ་ཐོན་སློབ་མ་ཆིག་འབུམ་དྲུག་ཁྲི་ཟིན་རྒྱུ་ཡིན་པ་རེད། ངོ་སྤྲོད་གནང་བར་གཞིགས་ན། ད་ལོ་ནང་སོག་གིས་མཐོ་རིམ་སློབ་ཐོན་སློབ་མས་གཙོ་བོ་བྱས་པའི་གཞོན་ནུའི་ལས་ཞུགས་ལས་དོན་ཡག་པོ་བསྒྲུབ་རྒྱུ་ཡིན་པ་དང་། སྲིད་གཞུང་གིས་སྤྱི་ཕན་རང་བཞིན་གྱི་ལས་གནས་ཉོ་བའི་གྲངས་ཚད་མང་དུ་བཏང་ནས། མཐོ་རིམ་སློབ་ཐོན་སློབ་མ་དང་ལྷག་པར་དུ་དབུལ་ཕོངས་ཁྱིམ་ཚང་དང་སོག་ཡིག་ཐོག་ནས་སློབ་ཁྲིད་བྱས་པའི་སློབ་ཐོན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

ད་ལོ་ཤིན་ཅང་གིས་འཆར་གཞི་བྱས་ན་གྲོང་ཁྱེར་དང་གྲོང་རྡལ་དུ་མི་བཞི་འབུམ་ལྔ་ཁྲིར་གསར་དུ་ལས་ཞུགས་ཐུབ་པ་བྱ་རྒྱུ་ཡིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལས་ཤོར་ཐོ་འགོད་བྱེད་ཚད་བརྒྱ་ཆ་བཞིའི་ནང་ཚུན་དུ་ཚོད་འཛིན་བྱ་རྒྱུ་ཡིན་པ་རེད། ལས་ཞུགས་ལ་དཀའ་ངལ་ཡོད་པའི་མི་སྣ་ལྔ་ཁྲིར་ལས་ཞུགས་ཐུབ་པ་བྱ་རྒྱུ་དང་། ལས་ཀར་ཞུགས་མཁན་གཅིག་ཀྱང་མེད་མཁན་གྱི་ཁྱིམ་ཚང་ལ་ཆུ་ཚོད24རིང་ལྟ་ཞིབ་བྱས་ནས་ལས་ཞུགས་ཐུབ་པ་བྱ་རྒྱུ། ལོ་དེ་རང་ལ་ཐོན་པའི་མཐོ་རིམ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད85%ཡན་ཟིན་པ་བྱ་རྒྱུ་ཡིན་པ་རེད།

སྤྱི་ལོ2012ལོ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཀྱིས་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་བཅུ་བདུན་དང་། ཀྲུང་དབྱང་གི་བོད་སྐྱོར་ཁེ་ལས་བཅུ་བདུན་དང་མཉམ་དུ་ལས་ཞུགས་བོད་སྐྱོར་རྣམ་གྲངས་ལག་བསྟར་བྱས་ཏེ། ལོ་ལྟར་བོད་ཀྱི་མཐོ་རིམ་སློབ་ཐོན་སློབ་མར་གྲངས་ཚད་ངེས་གཏན་གྱི་ལས་ཞུགས་ལས་གནས་མཁོ་འདོན་བྱེད་ཀྱི་ཡོད་པ་རེད། སྤྱི་ལོ་2014ལོར་ལས་ཞུགས་བོད་སྐྱོར་ལས་དོན་དངོས་སུ་འགོ་བཙུགས་པ་དང་། འཆར་གཞི་བྱས་ན་བོད་ཀྱི་མཐོ་རིམ་སློབ་ཐོན་སློབ་མར་ལས་གནས3400མཁོ་འདོན་བྱ་རྒྱུ་ཡིན་པ་རེད།

ལས་ཞུགས་ལ་དཀའ་ངལ་ཡོད་པའི་མི་སྣ་དེ་བས་མང་བར་ལས་ཞུགས་ཐུབ་ཆེད། ཅི་ལིན་ཞིང་ཆེན་ཡན་པན་ཁུལ་གྱིས་སྤྱི་ལོ2013ལོའི་ཟླ་བ་བཅུ་གཉིས་པའི་ཟླ་སྨད་ནས་སྤྱི་ལོ་2014ལོའི་ཟླ་བ་གཉིས་པ་བར་ལས་ཞུགས་རོགས་སྐྱོར་ཟླ་བའི་ཆེད་དོན་བྱེད་སྒོ་སྤེལ་ཡོད་པ་རེད། བྱེད་སྒོ་སྤེལ་རིང་ཁུལ་དེ་ཡོངས་ཀྱིས་ས་ཆ་དངོས་སུ་ལས་ཞུགས་ལ་དཀའ་ངལ་ཡོད་པའི་མི་སྣ་དང་ལས་ཀར་ཞུགས་མཁན་གཅིག་ཀྱང་མེད་པའི་ཁྱིམ་ཚང7262ལ་བཅར་འདྲིར་བསྐྱོད་པ་དང་། ལས་ཞུགས་ལ་དཀའ་ངལ་ཡོད་པའི་མི་སྣ6130ཐོ་འགོད་གཏན་འཁེལ་བྱས་པ། ལས་ཞུགས་ལ་དཀའ་ངལ་ཡོད་པའི་མི་སྣ2003ལས་ཞུགས་ཐུབ་རྒྱུར་རོགས་རམ་བྱེད་པ། ལས་ཀར་ཞུགས་མཁན་གཅིག་ཀྱང་མེད་པའི་ཁྱིམ་ཚང་མེད་པ་བཟོས་ཡོད་པ་རེད།

ད་ལོ་ཡུན་ནན་ཁུན་མིང་གིས་དེ་བས་དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཡིན་པ་དང་། ནུས་ལྡན་གྱི་ལས་ཞུགས་ལས་གནས120000ཡན་མཁོ་འདོན་བྱས་ཏེ། གྲོང་ཁྱེར་དང་གྲོང་རྡལ་དུ་གསར་དུ་ལས་ཞུགས་ཐུབ་པའི་མི་གྲངས100000ཡན་ཟིན་པ་བྱ་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག