མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལྔ་གཅིག་གུང་གསེང་རིང་རྒྱལ་ཡོངས་ཀྱི་ལྕགས་ལམ་ཐོག་སྔོན་དཔག་བྱས་ན་འགྲུལ་པ་མི་གྲངས་བྱེ་བ3ལྷག་སྐྱེལ་འདྲེན་བྱ་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-05-02 13:11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དུས་ཡུན་ཉིན་བཞིའི་ལྔ་གཅིག་གུང་གསེང་གི་ལྕགས་ལམ་ཐོག་འགྲུལ་པ་སྐྱེལ་འདྲེན་བྱེད་རྒྱུ་དེ་སྤྱི་ཟླ4བའི་ཚེས30ཉིན་དངོས་སུ་འགོ་ཚུགས་ཡོད་པ་དང་སྤྱི་ཟླ4བའི་ཚེས30ཉིན་ནས་སྤྱི་ཟླ5བའི་ཚེས3ཉིན་བར་རྒྱལ་ཡོངས་སུ་ལྕགས་ལམ་ཐོག་སྔོན་དཔག་བྱས་ན་འགྲུལ་པ་མི་གྲངས་བྱེ་བ3.64སྐྱེལ་འདྲེན་བྱེད་རྒྱུ་ཡིན་པ་དང་དུས་མཚུངས་དང་བསྡུར་ན་མི་ས་ཡ4.65མང་དུ་ཕྱིན་པ་དང14.6%འཕར་ཡོད་པ་རེད།

མེ་འཁོར་སྤ་སེ་ཚོང་ཚུལ་ཐོག་ནས་མངོན་པར་གཞིགས་ན། ལྔ་གཅིག་གུང་གསེང་རིང་ལྕགས་ལམ་ཐོག་གི་འགྲུལ་པ་ནི་ཡུལ་སྐོར་དང་གཉེན་འཕྲད། ས་ཐག་ཐུང་བ་དང་འབྲིང་བར་སྐྱོད་མཁན་འགྲུལ་པས་གཙོ་བོ་བྱས་ཡོད་ཅིང་གཙོ་བོ་ཧྲང་ཧེའི་དང་སུའུ་ཀྲའུ། ཧང་ཀྲའུ། ཤ་མོན། ཧྲེན་ཀྲེན། ཀུས་ལིན། ཀྲང་ཅ་ཅེ། ཁུན་མིང་སོགས་ཁ་ཕྱོགས་སུ་གཅིག་བསྡུས་བྱས་ཡོད་པ་དང་སྤྱི་ཟླ4བའི་ཚེས30ཉིན་རྒྱལ་ཡོངས་ལྕགས་ལམ་ཐོག་སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་ས་ཡ8.9འབུམ་སྐྱེལ་འདྲེན་བྱས་ཡོད་པ་དང་འགྲུལ་སྐྱེལ་མེ་འཁོར259ཁ་སྣོན་བརྒྱབ་ཡོད་པ་རེད།

རྒྱ་ཆེའི་འགྲུལ་པ་ཚོའི་ཕྱི་ཕྱོགས་སུ་འགྲོ་བའི་དགོས་མཁོ་སྐོང་ཆེད། ལྕགས་ལམ་སྡེ་ཁག་གིས་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་དང་ལས་ཆོད་མཐོ་རུ་བཏང་བ་བརྒྱུད་ཐབས་བརྒྱ་ཇུས་སྟོང་སྒོ་ནས་སྐྱེལ་འདྲེན་ནུས་པ་ཆེ་རུ་བཏང་བ་དང་དུས་ཆེན་རིང་སྔོན་དཔག་བྱས་ན་རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་སྐྱེལ་མེ་འཁོར་ཁྲི2མ་ཟིན་ཙམ་གཏོང་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག