མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཞིན་ཅང་བཅའ་སྡོད་དམག་དཔུང་ལ་གཟིགས་བཤེར་མཛད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-02 13:07

111.jpg

  ཟླ༤བའི་ཚེས༢༧ཉིན་ནས་ཚེས༢༩ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཞིན་ཅང་བཅའ་སྡོད་དམག་དཔུང་ལ་གཟིགས་བཤེར་མཛད། འདི་ནི་ཞི་ཅིན་ཕེན་གྱིས་ཞིན་ཅང་དམག་ཁུལ་ཕྱོགས་བསྡུས་སྦྱོང་བརྡར་ར་བ་ནས་དམག་དཔུང་གིས་འཐབ་འཁྲུག་སྦྱོང་བརྡར་བསླབ་ཚན་གྱི་ཚོད་ལྟ་བྱེད་པར་གཟིགས་བཤེར་མཛད་པའི་ཚུལ་རེད།

222.jpg

  འདི་ནི་ཞི་ཅིན་ཕེན་གྱིས་དྲག་ཆས་ཉེན་རྟོག་ཞིན་ཅང་སྤྱིའི་རུ་ཁག་གི་དམག་དཔུང་ག་གེ་མོའི་ཆེད་བཤེར་རུ་འབྲིང་དང་གྲ་སྒྲིག་རུ་མི་ལ་འཚམས་འདྲི་མཛད་དེ། ཁོ་ཚོའི་སློབ་སྦྱོང་དང་བྱ་བ། འཚོ་བ་བཅས་ཀྱི་གནས་ཚུལ་ཞིབ་འདྲི་མཛད་པའི་ཚུལ་རེད།

333.jpg333.jpg

འདི་ནི་ཞི་ཅིན་ཕེན་གྱིས་ཞིན་ཅང་དམག་ཁུལ་གྱི་དམག་དཔུང་ག་གེ་མོའི་མི་རིགས་ལྡིང་ཤོག་དྲུག་པའི་དཔོན་དམག་ལ་བརྩེ་བའི་གསུང་གླེང་མཛད་པའི་ཚུལ་རེད།

   ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཟླ་བཞི་བའི་ཚེས་ཉེར་བདུན་ཉིན་ནས་ཚེས་ཉེར་དགུ་ཉིན་བར་ཞིན་ཅང་བཅའ་སྡོད་དམག་དཔུང་ལ་གཟིགས་བཤེར་མཛད་པ་མ་ཟད་འཇིགས་སྐུལ་ངོ་རྒོལ་དང་བརྟན་འཇགས་སྲུང་སྐྱོབ་བྱ་བ་གཟབ་ནན་གྱིས་བཟང་བོར་སྒྲུབ་པ་དང་། རིགས་སོ་སོའི་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་ཆེད་དུ་རྟོག་ཞིབ་མཛད། ཁོང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཚབ་མཛད་དེ་ཞིན་ཅང་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་ཡོངས་དང་། དྲག་ཆས་ཉེན་རྟོག་དཔོན་དམག དམངས་དམག་གྲ་སྒྲིག་དམག་ཞབས་མི་སྣ་བཅས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་མཛད། ཞི་ཅིན་ཕེན་གྱིས་ཏང་གི་གནས་བབ་གསར་བའི་འོག་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་ལག་བསྟར་མཐའ་འཁྱོལ་བྱས་ཏེ། དམག་དཔུང་གསར་བརྗེ་ཅན་དང་དེང་རབས་ཅན། ཚད་ལྡན་ཅན་བཅས་སུ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། འགན་འཁྲི་དང་ལས་འགན་ལག་བསྟར་གྱི་ནུས་པ་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་ནས། ཞིན་ཅང་གི་སྤྱི་ཚོགས་བརྟན་འཇགས་དང་ཡུན་སྐྱོང་བདེ་འགོད་ལ་ཁག་ཐེག་བྱེད་པར་སྟོབས་དང་ལྡན་པའི་སྟོབས་ཤུགས་ཀྱི་རྒྱབ་རྟེན་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་གསུངས།

  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་མཉམ་དུ་གཟིགས་བཤེར་མཛད།

  ཞི་ཅིན་ཕེན་གྱིས་ཞིན་ཅང་བཅའ་སྡོད་དམག་དཔུང་ལ་ནམ་ཡང་ཐུགས་ཁུར་་གནང་བཞིན་པ་དང་། འཇིགས་སྐུལ་ངོ་རྒོལ་དང་བརྟན་འཇགས་སྲུང་སྐྱོབ་ཀྱི་འཐབ་ཕྱོགས་དང་པོ་ན་ལས་ཀ་གཉེར་བཞིན་པའི་དཔོན་དམག་རྣམས་ནམ་ཡང་ཐུགས་ལ་བཅངས་ཡོད། ཚེས་ཉེར་བདུན་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་ཡས་མས་སུ། ཞི་ཅིན་ཕེན་ཁ་ཧྲི་ལ་ཐོན་མ་ཐག སྐུ་ཚེགས་ལ་མ་འཛེམས་པར་རླངས་འཁོར་ལ་བཞུགས་ཏེ་དྲག་ཆས་ཉེན་རྟོག་ཞིན་ཅང་སྤྱིའི་རུ་ཁག་གི་དམག་དཔུང་ག་གེ་མོའི་ཆེད་མངག་རུ་འབྲིང་ལ་ཕེབས་ནས། དཔོན་དམག་རྣམས་ལ་འཚམས་འདྲི་མཛད། ཞི་ཅིན་ཕེན་གྱིས་འཐབ་མོ་བའི་ཟ་ཁང་དང་ཉལ་ཁང་། སྦྱོང་བརྡར་ཁང་བཅས་ལ་གཟིགས་པ་མ་ཟད། དཔོན་དམག་ཚོའི་སློབ་སྦྱོང་དང་བྱ་བ། འཚོ་བ་བཅས་ཀྱི་གནས་ཚུལ་ཞིབ་འདྲི་མཛད། རུ་འབྲིང་དེས་དྲག་ཤུགས་འཇིགས་སྐུལ་ལ་ཆམ་ཕབ་གཏོང་བའི་བྱ་འགུལ་སྤེལ་བའི་གནས་ཚུལ་ལ་གསན་རྗེས། ཞི་ཅིན་ཕེན་གྱིས་ཚང་མས་འགན་ནུས་སེམས་ལ་དམ་པོར་འཛིན་པ་དང་། ཡང་འབད་བསྐྱར་འབད་སྒོས་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱས་ཏེ། མེས་རྒྱལ་དང་མི་དམངས་ཀྱི་ཆེད་དུ་ཡང་བསྐྱར་བྱས་རྗེས་འཇོག་དགོས་པའི་སྐུལ་མ་གནང་།

  རུ་འབྲིང་དེ་དང་བྲལ་རྗེས། ཞི་ཅིན་ཕེན་རླངས་འཁོར་ལ་བཞུགས་ཏེ་ཞིན་ཅང་དམག་ཁུལ་གྱི་དམག་དཔུང་ག་གེ་མོའི་མི་རིགས་ལྡིང་ཤོག་དྲུག་པར་ཕེབས། ལྡིང་ཤོག་དེས་གཅིག་སྟོང་དགུ་བརྒྱ་དགུ་བཅུ་ལོར་དྲག་ཤུགས་ཞི་འཇགས་སུ་གཏོང་བའི་ལས་འགན་ཁྲོད་བྱས་རྗེས་འབུར་དུ་ཐོན་པ་བཞག་པས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་རྒྱལ་སྲུང་དཔའ་བོའི་ལྡིང་ཤོག་ཅེས་པའི་གཟི་བརྗིད་མཚན་སྙན་གནང་ཡོད། ཞི་ཅིན་ཕེན་གྱིས་རིགས་སོ་སོའི་དཔོན་དམག་དང་བརྩེ་བའི་གསུང་གླེང་མཛད་པ་དང་། མི་རིགས་དྲུག་གི་དཔོན་དམག་རྣམས་མཐུན་སྒྲིལ་མཛའ་མཐུན་གྱིས་མཉམ་དུ་གོང་འཕེལ་དུ་འགྲོ་བའི་གནས་ཚུལ་ཤེས་རྗེས་ཞི་ཅིན་ཕེན་དགའ་སྤྲོ་ཆེན་པོ་སྐྱེས། ཞི་ཅིན་ཕེན་གྱིས་ཁོ་ཚོར་གོམས་སྲོལ་བཟང་བོ་དར་སྤེལ་དང་ཕན་ཚུན་ལ་སེམས་ཁུར། ཕན་ཚན་ལ་སློབ་སྦྱོང་བཅས་བྱས་ཏེ། ཏང་གི་སྲིད་ཇུས་དྲིལ་སྒྲོག་བཟང་བོ་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱས་ནས་མེས་རྒྱལ་གྱི་མཐའ་མཚམས་བརྟན་སྲུང་བྱེད་དགོས་པའི་མངག་བཅོལ་གནང་།

  ཞིན་ཅང་ལྷོ་ཕྱོགས་ཀྱི་དམག་ཁུལ་ལས་ཁུངས་ནས། ཞི་ཅིན་ཕེན་གྱིས་དམག་ཁུལ་ལས་ཁུངས་ཀྱི་ལས་བྱེད་པ་དང་ཁ་ཧྲི་ས་ཁུལ་བཅའ་སྡོད་དམག་དཔུང་གི་སྟོང་དཔོན་ཡན་གྱི་མགོ་ཁྲིད་ལས་བྱེད་པར་མཇལ་འཕྲད་གནང་ནས། འཇིགས་སྐུལ་ངོ་རྒོལ་དང་བརྟན་འཇགས་སྲུང་སྐྱོབ་བྱ་བ་བཟང་བོར་སྒྲུབ་པའི་ཐད་ནས་དམག་དཔུང་གི་འགན་ཁུར་བློ་མཐུན་ལ་བཞུགས་མོལ་མཛད། ཞི་ཅིན་ཕེན་གྱིས་ཞིན་ཅང་ལྷོ་ཕྱོགས་ཀྱི་བརྟན་འཇགས་དེ་ཞིན་ཅང་དང་ནུབ་བྱང་གི་བརྟན་འཇགས་ལ་འབྲེལ་བ་ཡོད་པ་དང་། རྒྱལ་ཡོངས་ཀྱི་བརྟན་འཇགས་ལ་འབྲེལ་བ་ཡོད་པས། ཞིན་ཅང་ལྷོ་ཕྱོགས་ཀྱི་བཅའ་སྡོད་དམག་དཔུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་འཕེལ་རྒྱས་འཐབ་ཇུས་ཀྱི་ཁྱོན་ཡོངས་ལ་དམིགས་ཏེ། རང་གི་ཕྲག་ཏུ་བབས་པའི་ཆབ་སྲིད་ཀྱི་ལས་འགན་གསལ་བོར་ཤེས་པར་བྱས་ཏེ་དྲག་ཤུགས་འཇིགས་སྐུལ་སྟོབས་ཤུགས་ལ་རྩ་གཏོར་རང་བཞིན་གྱི་ཆམ་ཕབ་བཏང་ནས། དྲག་ཤུགས་འཇིགས་སྐུལ་མི་སྣའི་གཡོ་ཇུས་ཕམ་པར་བྱེད་དགོས་ལ། དྲག་ཤུགས་འཇིགས་སྐུལ་བྱ་འགུལ་གྱི་བར་སྟོང་མེད་པར་བཟོས་ཏེ་སྤྱི་ཚོགས་བརྟན་འཇགས་ལ་དངོས་སུ་སྲུང་སྐྱོབ་དང་མི་དམངས་ཀྱིས་བདེ་སྡོད་ལས་བརྩོན་བྱེད་པར་འགན་སྲུང་བྱེད་དགོས་ཞེས་ནན་གྱིས་གསུངས།

  ཞི་ཅིན་ཕེན་གྱིས་དམག་དཔུང་གི་འཐབ་འཁྲུག་སྦྱོང་བརྡར་ལ་ཧ་ཅང་མཐོང་ཆེན་གནང་བཞིན་ཡོད། ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕེན་ཆར་བའི་ཁྲོད་ནས་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་འདབས་རོལ་གྱི་ཞིན་ཅང་དམག་ཁུལ་ཕྱོགས་བསྡུས་སྦྱོང་བརྡར་ར་བར་ཕེབས་ཏེ། འཐབ་འཁྲུག་སྦྱོང་བརྡར་གྱི་བསླབ་ཚན་ཚོད་ལྟ་བྱེད་པར་གཟིགས། ཞི་ཅིན་མཐོང་གྱིས་མཚམས་མཚམས་སུ་རྒྱང་མཐོང་བཟུང་སྟེ་གནས་ཚུལ་ལ་གཟིགས་པ་མ་ཟད། འབྲེལ་ཡོད་གནས་ཚུལ་ཞིབ་འདྲི་མཛད་པ་དང་། དམག་དཔུང་གི་བྱང་ཚད་མཐོན་པོ་དང་འཇིགས་སྐུལ་ངོ་རྒོལ་གྱི་ནུས་རྩལ་ལ་ཁས་ལེན་མཛད།

  ཞིན་ཅང་དམག་ཁུལ་གྱི་དམར་དམག་ཁྲི་དཔོན་ག་གེ་མོ་ནས། ཞི་ཅིན་ཕེན་གྱིས་དམག་ཁུལ་ལས་ཁུངས་ཀྱི་ཁྲུའུ་རིམ་པ་ཡན་གྱི་ལས་བྱེད་པ་དང་ཝུའུ་ལུའུ་མུའུ་ཆི་བཅའ་སྡོད་དམག་དཔུང་གི་ཁྲི་དཔོན་ཡན་གྱི་མགོ་ཁྲིད་ལས་བྱེད་པར་མཇལ་འཕྲད་གནང་། ཞི་ཅིན་ཕེན་གྱིས་ཁོ་ཚོར་གཟི་བརྗིད་ཀྱི་གོམས་སྲོལ་དར་སྤེལ་བྱས་ཏེ་དམར་དམག་རྒན་པའི་ཆབ་སྲིད་ཀྱི་ངོ་བོ་ནམ་ཡང་སྲུང་འཛིན་བྱེད་དགོས་ཞེས་གསུངས།

  ཞི་ཅིན་ཕེན་གྱིས་མགོ་འཛིན་མཛད་དེ་ཚོགས་འདུ་བསྡུས་ནས་ཞིན་ཅང་དམག་ཁུལ་དང་དྲག་ཆས་ཉེན་རྟོག་ཞིན་ཅང་སྤྱིའི་རུ་ཁག་གི་བྱ་བའི་ཡར་ཞུ་ཉན་པ་དང་། ཞིན་ཅང་བཅའ་སྡོད་དམག་དཔུང་གིས་ཉེ་བའི་ལོ་འགའི་རིང་ལ་འཛུགས་སྐྲུན་དང་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་དང་། དམག་དཔུང་གི་དཔོན་དམག་ཚོའི་དཀའ་ངལ་ལ་མི་འཛེམས་པ་དང་རྒྱལ་ཁབ་ཀྱི་མཐའ་མཚམས་སྲུང་བའི་སྙིང་སྟོབས་ལ་ཁས་ལེན་གང་ལེགས་མཛད། ཞི་ཅིན་ཕེན་གྱིས་ཞིན་ཅང་གི་བདེ་འཇགས་དང་བརྟན་འཇགས་ནི་རྒྱལ་ཡོངས་ཀྱི་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་དོན་ཆེན་ལ་འབྲེལ་བ་ཡོད་ཅིང་། མེས་རྒྱལ་གྱི་གཅིག་གྱུར་དང་མི་རིགས་ཀྱི་མཐུན་སྒྲིལ། རྒྱལ་ཁབ་ཀྱི་བདེ་འཇགས་བཅས་ལ་འབྲེལ་བ་ཡོད་པས། ཀྲུང་དབྱང་གི་ཞིན་ཅང་བྱ་བའི་ཐད་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་ངོས་འཛིན་ཟབ་མོ་བྱས་ཏེ། ཞིན་ཅང་བརྟན་འཇགས་དང་དར་རྒྱས་སུ་གཏོང་བ་དང་མཐའ་མཚམས་བརྟན་སྲུང་བྱེད་པའི་འགན་འཁྲིའི་འདུ་ཤེས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས་ལ། རང་རྟོགས་ཀྱིས་ཞིན་ཅང་ནས་རྐང་འཛུགས་པ་དང་ཞིན་ཅང་ལ་སྲུང་སྐྱོབ་བྱེད་པ། ཞིན་ཅང་འཛུགས་སྐྲུན་བྱེད་པ་བཅས་བྱས་ཏེ། ཏང་དང་མི་དམངས་ཀྱིས་གནང་བའི་མཆོག་གྱུར་ལས་འགན་ལག་བསྟར་བཟང་བོ་བྱེད་དགོས་ཞེས་གསུངས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག