མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞིན་ཅང་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་གྱི་མེ་འཁོར་ས་ཚིགས་ལྷོ་མའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་རྩད་བཅད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-02 13:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེན་རྟོག་ཕྱོགས་ཀྱིས་ཉིན་མཚན་མེད་པར་སྟོབས་ཤུགས་ཡོད་རྒུ་བཏོན་ནས་རྩད་གཅོད་བྱས་མཐར། ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་གྱི་མེ་འཁོར་ས་ཚིགས་ལྷོ་མའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་རྩད་བཅད། རྩད་གཅོད་བྱས་པ་ལྟར་ན། དེ་ནི་དྲག་ཤུགས་འཇབ་རྒོལ་རང་བཞིན་གྱི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་རེད། ད་ལོར་ལོ་ན་སོ་དགུར་བུད་པའི་ཞིན་ཅང་ཨ་ཁི་སུའུ་ས་ཁུལ་ཧྲ་ཡ་རྫོང་གི་དོགས་ཡོད་ཉེས་ཅན་སེ་ཏིས་ཨེ་ཏིན•ཧྲ་ཝུའུ་ཐིས་དང་མི་གཞན་ཞིག་ལ་དུས་ཡུན་རིང་བོར་ཆོས་ལུགས་ཐལ་སྐྱོད་བསམ་བློའི་ཤུགས་རྐྱེན་ཐེབས་ཏེ། ཆོས་ལུགས་ཐལ་སྐྱོད་བྱ་འགུལ་ཁྲོད་ཞུགས་པ་དང་། ཟླ་བཞི་བའི་ཚེས་སུམ་ཅུ་ཉིན་གྱི་དགོང་མོའི་དུས་ཚོད་བདུན་དང་སྐར་མ་བཅུ་ཡས་མས་སུ་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་གྱི་མེ་འཁོར་ས་ཚིགས་ལྷོ་མའི་ཕྱི་རོལ་ནས་འགས་གཏོར་དོན་རྐྱེན་བཟོས། འགས་གཏོར་དོན་རྐྱེན་ཁྲོད་ནས་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་གི་མི་གཅིག་ནི་ཉེས་མེད་མང་ཚོགས་རེད། དོགས་ཡོད་ཉེས་ཅན་གཉིས་འགས་གཏོར་དོན་རྐྱེན་ཁྲོད་ནས་ཤི། འགས་གཏོར་དོན་རྐྱེན་བྱུང་རྗེས། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་དུས་ཐོག་ཏུ་ཕྱོགས་སོ་སོའི་སྟོབས་ཤུགས་བསྡུས་ནས། སྨན་བཅོས་ཀྱི་ཆ་རྐྱེན་ཆེས་བཟང་བོ་འདོན་སྤྲོད་དང་། རྨས་མར་མྱུར་སྐྱོབ་བཟང་བོ་བྱས་པར་མ་ཟད། སྟོབས་ཤུགས་ཡོད་རྒུ་བཏོན་ནས་འབྲེལ་ཡོད་བྱ་བ་བཟང་བོར་སྒྲུབ་བཞིན་ཡོད།

མིག་སྔར། རྨས་མ་དང་ཁྱིམ་མིའི་སེམས་བདེ་ལ་བབས་ཡོད་པ་དང་། རྨས་མ་ཁ་ཤས་སྨན་ཁང་ནས་ཕྱིར་བུད་ལ། ས་དེའི་སྤྱི་ཚོགས་སྒྲིག་ལམ་རྒྱུན་ལྡན་དུ་གྱུར་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག