མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

གུང་གཞོན་སྡེ་ཚོགས་ཀྱིས་གཞོན་ནུའི་འབོད་སྐུལ་ཞེས་པའི་དྲ་ཐོག་རིག་གནས་བྱེད་སྒོ་སྤེལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-05-01 20:11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། རིམ་ཁག་གུང་གཞོན་སྡེ་ཚོགས་ཀྱིས་པོད་ཕྲན་དང་འཕྲིན་ཕྲན་སྟེགས་བུའི་ཐོག་མིང་ལ་གཞོན་ནུའི་འབོད་སྐུལ་སྟེ། ངས་སྲོག་ཤིང་རིན་ཐང་ལྟ་བའི་མགྲིན་ཚབ་བྱེད་ཞེས་པའི་བྱེད་སྒོ་སྤེལ་ཡོད་པ་དང་། གཞོན་ནུ་ལོ་ཆུང་དྲ་གྲོགས་ཀྱིས་རང་ཉིད་ཀྱི་སློབ་སྦྱོང་དང་ལས་ཀ་དང་ཟུང་འབྲེལ་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་ཐད་ཀྱི་ངོས་འཛིན་དང་མྱོང་ཚོར་འབྲི་རྒྱུར་སྐུལ་མ་བཏང་ཡོད་པ་རེད།

ད་ལོ་ནང་ཚུན། རིམ་ཁག་གུང་གཞོན་སྡེ་ཚོགས་སྒྲིག་འཛུགས་ཀྱིས་གཞོན་ནུའི་འབོད་སྐུལ་ཞེས་པའི་བརྗོད་བྱ་གཙོ་བོར་གཞིགས་ནས། དྲ་ཚིགས་དང་། པོད་ཕྲན། འཕྲིན་ཕྲན། ལག་ཐོག་ཁ་པར་ཚགས་པར་སོགས་སྟེགས་བུའི་ཐོག་གི་དྲ་བའི་བརྗོད་བྱ་གཙོ་བོའི་བྱེད་སྒོ་རྒྱ་ཆེར་སྤེལ་ཡོད་པ་དང་། གཞོན་ནུ་ལོ་ཆུང་གིས་ནང་དོན་ཕུན་སུམ་ཚོགས་པ་དང་། རྣམ་པ་དར་སྲོལ་ཆེ་བའི་དྲ་བའི་རིག་གནས་ཐོན་རྫས་བཟོ་བ་དང་བརྒྱུད་བསྒྲགས་བྱེད་པ། གཅིག་བསྡུས་ཐོག་གཞོན་ནུའི་འབོད་སྐུལ་ཞེས་པ་བརྒྱུད་བསྒྲགས་བྱས་ནས། སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་གཏོང་བ་དང་། དྭངས་གཙང་གི་དྲ་བའི་བར་ཁམས་གཏོད་རྒྱུར་གཞོན་ནུའི་དྲང་ནུས་སྣོན་ཡོད་པ་རེད།

 རིམ་ཁག་གུང་གཞོན་སྡེ་ཚོགས་སྒྲིག་འཛུགས་ཀྱིས་རྗེས་དཔག་གི་བསམ་གཞིགས་བྱས་ནས་ལང་ཚོར་བློ་གྲོས་རྒྱས་པ་བྱེད་ཞེས་པ་དང་། སྒྱུར་བཅོས་ནང་ཞུགས་ནས། ལང་ཚོ་དེ་བས་འཁྲུག་པར་འགྱུར་ཞེས་པ་སོགས་ཀྱི་བརྗོད་བྱ་གཙོ་བོའི་ལེ་ཚན་ལ་གཞིགས་ནས། ཕུགས་བསམ་འདུ་ཤེས་དང་། རིག་པའི་གཞུང་ལུགས་སོགས་ཀྱི་ནང་དོན་གཞོན་ནུས་དང་ལེན་བྱེད་བདེ་བའི་རྩོམ་ཡིག་དང་། པར་རིས། པོད་ཕྲན་སོགས་ཀྱི་ནང་འཇུག་རྒྱུར་འཚོལ་ཞིབ་ཧུར་ཐག་བྱས་ནས། ཏང་གི་དགོངས་ཚུལ་ལོ་ཆུང་གཞོན་ནུའི་ཁྲོད་བརྒྱུད་བསྒྲགས་བྱས་ཡོད། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གིས་ཉེ་ཆར་ད་དུང་གཞོན་ནུའི་རིག་པའི་གཞུང་ལུགས་ཡོངས་བསྒྲགས་སློབ་ཚན་ཞེས་པ་དང་། རིག་པའི་གཞུང་ལུགས་ཀྱི་བགྲོ་གླེང་སོགས་དྲ་བའི་རིག་གནས་ཐོན་རྫས་བཏོན་ནས། རིག་པའི་གཞུང་ལུགས་གཞོན་ནུའི་ཁྲོད་སྐྱོད་པ་དང་། དྲ་འབྲེལ་ཐོག་སྐྱོད་པའི་ལས་དོན་གཏིང་ཟབ་སྤེལ་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག