མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཙུང་ལི་གཞོན་པ་ཝང་ཡང་གིས་དཔར་དབང་ལ་བཙན་གནོད་དང་རྫུན་བཟོ་སྤུས་ཞན་བྲིན་འཚོང་བྱེད་པར་རྡུང་རྡེག་གཏོང་བའི་ལས་དོན་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་ཞེས་གསུངས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-05-01 20:10

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས29ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་ཡང་གིས་པེ་ཅིན་དུ་རྒྱལ་ཡོངས་ཀྱི་ཤེས་བྱའི་ཐོན་དངོས་བདག་དབང་ལ་གནོད་འཚེ་བཟོ་བ་དང་ཚོང་ཟོག་རྫུན་མ་དང་སྤུས་ཞན་བཟོ་བ་དང་བྲིན་འཚོང་བྱེད་པར་རྡུང་རྡེག་གཏོང་བའི་ལས་དོན་གྱི་འགོ་ཁྲིད་ཚོ་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་གཙོ་སྐྱོང་གནང་བ་རེད།

ཁོང་གིས་ཆེད་དམིགས་བཅོས་སྐྱོང་དང་ལམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ཟུང་སྦྲེལ་བྱས་ཏེ། རྩ་ལག་མཉམ་བཅོས་ཀྱི་ཡུན་རིང་ནུས་ལྡན་སྒྲིག་གཞི་འཛུགས་རྒྱུར་དམ་འཛིན་བྱེད་དགོས་པ་དང་། ཡིད་རྟོན་མེད་ལ་ཁྲིམས་འགལ་བྱེད་མཁན་དེ་དག་བྱ་དཀའ་བྱེད་གཏད་མེད་པར་བཟོ་དགོས་པ་དང་ཡིད་རྟོན་རུང་བ་དང་ཁྲིམས་སྲུང་བྱེད་མཁན་ལ་ཤར་བགྲོད་ཐུབ་པ་བྱེད་དགོས་ཞེས་ནན་གསུང་གནང་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག