མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཁ་ཆད་ལྟར་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་དང་ཁ་པར་བཏང་སྟེ། དུས་རིམ་རྗེས་མའི་མ་ལེ་ཞི་ཡའི་གར་སོང་མི་ཤེས་པའི་འགྲུལ་སྐྱེལ་གནམ་གྲུའི་འཚོལ་ཞིབ་བྱ་བའི་ཐད་ལ་འབྲེལ་འདྲིས་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-01 20:07

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ4བའི་ཚེས30ཉིན་གྱི་ཕྱི་དྲོར་ཁ་ཆད་ལྟར་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨ་པའོ་ཐི་དང་ཁ་པར་བཏང་། 

 ལིས་ཁི་ཆང་གིས་ཨ་པའོ་ཐི་ཡིས་མ་ལེ་ཞི་ཡ་མཁའ་འགྲུལ་ཀུང་ཟིའི་གར་སོང་མི་ཤེས་པའི་འགྲུལ་སྐྱེལ་གནམ་གྲུའི་དུས་རིམ་རྗེས་མའི་འཚོལ་ཞིབ་བྱ་བར་བཀོད་སྒྲིག་བྱས་པའི་སྐོར་གྱི་མཚམས་སྦྱོར་ལ་ཉན་རྗེས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གར་སོང་མི་ཤེས་པའི་གནམ་གྲུ་འཚོལ་ཞིབ་བྱེད་པའི་ཐད་ལ་འབད་བརྩོན་ཆེན་པོ་བྱས་ཡོད་ལ། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཧིན་རྡུ་རྒྱ་མཚོ་ལྷོ་མའི་འཚོལ་ཞིབ་བྱ་བར་སྣེ་ཁྲིད་དང་གཞོགས་འདེགས་བྱས་པར་མ་ཟད། མི་ཤུགས་དང་དངོས་ཤུགས་མང་པོ་བཏང་བ་དང་། བྱ་བ་མང་པོ་བསྒྲུབས་ཤིང་། ཀྲུང་གོའི་གྲུ་གཟིངས་དང་གནམ་གྲུའི་འཚོལ་ཞིབ་བྱ་བར་རོགས་སྐྱོར་ཆེན་པོ་བྱས་པས། ཀྲུང་གོ་ཕྱོགས་ཀྱིས་དེར་གཟེངས་བསྟོད་དང་བཀའ་དྲིན་ཆེ་ཞུས་པ་ཡིན་ཟེར།

ལིས་ཁི་ཆང་གིས་ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡ་ཕྱོགས་དང་བཅས་པའི་འཚོལ་ཞིབ་བྱ་བར་ཞུགས་པའི་ཕྱོགས་སོ་སོ་དང་མཉམ་དུ་གོ་རིམ་རྗེས་མའི་རྒྱུན་ལྡན་གྱི་འཚོལ་ཞིབ་ཇུས་གཞི་མྱུར་དུ་བཀོད་དེ་དོན་ཐོག་ཏུ་འཁྱོལ་བར་བྱེད་འདོད་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་སྟོབས་ཤུགས་ཡོད་རྒུ་བཏོན་ནས་འཚོལ་ཞིབ་བྱ་བར་ཞུགས་རྒྱུ་ཡིན་ཟེར།

ལིས་ཁི་ཆང་གིས་ད་རུང་ད་ལྟ་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡ་གཉིས་ཀྱི་འབྲེལ་བ་དང་ཅང་མ་འགོར་བའི་སྔོན་ཨ་པའོ་ཐི་ཡིས་ཀྲུང་གོར་ཕན་འབྲས་ལྡན་པའི་ངང་འཚམས་འདྲི་བྱས་པར་གདེང་འཇོག་གང་ལེགས་མཛད།

ཨ་པའོ་ཐི་ཡིས་བཤད་རྒྱུར། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་གྲུ་གཟིངས་དང་གནམ་གྲུ་མང་པོ་བཏང་སྟེ་དུས་རིམ་སྔོན་མའི་འཚོལ་ཞིབ་བྱ་བར་ཞུགས་པར་གཟེངས་བསྟོད་བྱས་པར་མ་ཟད། ཀྲུང་གོ་ཕྱོགས་དང་མ་ལེ་ཞི་ཡ་ཕྱོགས་དང་དུས་རིམ་རྗེས་མའི་འཚོལ་ཞིབ་བྱ་བའི་ཐད་ལ་འབྲེལ་འདྲིས་དང་གཞོགས་འདེགས་དམ་པོ་བྱེད་འདོད་ཡོད་ལ། ཀྲུང་གོ་ཕྱོགས་དང་མ་ལེ་ཞི་ཡ་ཕྱོགས་ཀྱིས་མུ་མཐུད་དུ་རོགས་སྐྱོར་བྱེད་པར་རེ་བ་བྱེད་ཀྱིན་ཡོད། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡ་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་མུ་མཐུད་དུ་ཤུགས་སྣོན་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག