མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་མི་འགྱངས་བར་ཨེ་སེ་ཨིག་པུས་ཡ་དང་ཨན་ཀི་ལ་སོགས་ལ་རྒྱལ་དོན་འཚམས་བྱེད་པར་ཕེབས་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-01 20:06

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཆིན་ཀང་གིས་ཚེས30ཡི་ཉིན་ཁྱབ་སྒྲོག་བྱས་དོན། ཨེ་སེ་ཨིག་པུས་ཡ་མནའ་འབྲེལ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་ཧེ་ཨར་མཱ་ལིས་ཡ་མུའུ་དང་ནེ་ཀྲི་རི་ཡ་མནའ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཆོ་ན་སིན། ཨན་ཀི་ལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཏོ་སི་སང་ཐོ་སི། ཁུན་ནི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཁུན་ཡ་ཐ་བཅས་ཀྱིས་གདན་དྲངས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ5བའི་ཚེས4ཉིན་ནས་ཚེས11ཉིན་བར་གོང་གི་རྒྱལ་ཁབ་བཞི་ལ་དངོས་སུ་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད།

ཧྥེ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞི། མའོ་ལི་ཐ་ཉིས་ཡ་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཨ་ཆི་ཚི་དང་ཧྥེ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཙུའུ་མཱ་གཉིས་ཀྱིས་གདན་དྲངས་པ་ལྟར་ལིས་ཁི་ཆང་གིས་ཟླ5བའི་ཚེས5ཉིན་ཧྥེ་གླིང་མནའ་འབྲེལ་སྤྱི་ཁྱབ་པུའུ་ལ་ཆེད་དོན་འཚམས་འདྲི་གནང་རྒྱུ་རེད།

གཞན་ད་རུང་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཀྲུའུ་ཞི་ཧྲི་ཝ་པུའུ་ཡིས་གདན་དྲངས་པ་ལྟར་ཙུང་ལི་ལིས་ཁི་ཆང་གིས་ནེ་ཀྲི་རི་ཡར་འཚམས་འདྲི་བྱེད་པའི་སྐབས་ཏེ། ཟླ5བའི་ཚེས8ཉིན་ནེ་ཀྲི་རི་ཡའི་རྒྱལ་ས་ཨ་པུའུ་ཅ་ནས་བསྡུ་རྒྱུ་ཡིན་པའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་སྐབས་ཉེར་བཞི་བའི་ཧྥེ་གླིང་མགོ་གཙོའི་གྲོས་ཚོགས་ལ་ཞུགས་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག