མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-01 20:05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་བཞི་བའི་ཚེས་སུམ་ཅུ་ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ཕྱི་ཕྱོགས་ཉོ་ཚོང་བརྟན་འཇགས་སྒོས་འཕར་སྣོན་བྱེད་པར་རོགས་སྐྱོར་བྱེད་པ་དང་སྒྲིག་གཞི་ལེགས་སྒྲིག་བྱེད་པའི་སྐོར་གྱི་བྱ་བར་བཀོད་སྒྲིག་བྱས་པ་དང་། མཐོ་རིམ་སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྤེལ་བྱ་བར་སྔར་ལས་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་གཏན་འཁེལ་བྱས་པར་མ་ཟད། ངལ་རྩོལ་པའི་གཞི་རྩའི་ཁེ་དབང་འགན་སྲུང་བྱ་བའི་སྐོར་གྱི་ཡར་ཞུར་ཉན་པར་མ་ཟད་རེ་བ་བཏོན།

ཚོགས་ཐོག་ནས་བལྟས་ན། ཕྱི་ཕྱོགས་ཉོ་ཚོང་འཕེལ་རྒྱས་སུ་གཏོང་བ་དེ་བརྟན་འཇགས་སྒོས་ཐོན་ཚད་འཕར་སྣོན་བྱེད་པ་དང་ལས་ཞུགས་ལ་ཁག་ཐེག་བྱེད་པའི་ཕྱོགས་གཙོ་བོ་ཡིན་ལ། ཀྲུང་གོའི་དཔལ་འབྱོར་དང་འཛམ་གླིང་གི་དཔལ་འབྱོར་གཉིས་མཉམ་བསྲེས་དམ་པོ་བྱེད་པར་སྐུལ་འདེད་གཏོང་བར་ཕན་པའང་ཡོད། མིག་སྔར་རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་གི་གནས་བབ་ཛ་དྲག་ཆེ་ཞིང་རྙོག་འཛིང་ཡིན་པས། ལོ་ཧྲིལ་བོའི་སྔོན་དཔག་དམིགས་འབེན་མངོན་འགྱུར་བྱེད་དགོས་ན་མུ་མཐུད་དུ་དཀའ་སྤྱད་ཀྱིས་འབད་བརྩོན་བྱེད་དགོས་ལ། ངེས་པར་དུ་མིག་སྔར་དང་ཡུན་རིང་ལ་འདང་རྒྱག་པ་དང་། ནུས་ལྡན་བྱེད་ཐབས་སྤྱད་དེ་ཕྱིར་གཏོང་ནང་འདྲེན་བྱ་བ་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་དགོས་པ་སྟེ། གཅིག་ནི་ཕྱི་ཕྱོགས་ཉོ་ཚོང་སྒྲིག་གཞི་ཇེ་ལེགས་སུ་གཏོང་དགོས་པ་དང་གཉིས་ནི་ཉོ་ཚོང་སྟབས་བདེ་ཅན་དུ་བསྒྱུར་བའི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། གསུམ་ནི་དངུལ་བསྡུ་ཞབས་ཕྱིའི་བྱ་བ་ཇེ་ལེགས་སུ་གཏོང་དགོས། བཞི་ནི་ཁེ་ལས་ཀྱི་འགྲན་རྩོད་ནུས་པ་ཇེ་ཆེར་གཏོང་དགོས་པ་སོགས་ཡོད། གྲོས་ཚོགས་སྟེང་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཁྱོན་ཡོངས་ལ་དམིགས་པ་དང་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབས་ཏེ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་པ་དང་། སྲིད་ཇུས་དང་བྱེད་ཐབས་མྱུར་དུ་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།

ཚོགས་ཐོག་ནས་བསྟན་དོན། སློབ་གྲྭ་ཆེན་མོ་བ་ནི་རྒྱལ་ཁབ་ཀྱི་ཤེས་ལྡན་མི་སྣའི་ཐོན་ཁུངས་རྩ་ཆེན་ཞིག་ཡིན། ད་ལོ་མཐོ་རིམ་སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མ་བསྡོམས་པས་ས་ཡ་བདུན་དང་འབུམ་གཉིས་ཁྲི་བདུན་ལ་སླེབས་ཏེ། ལོ་རྒྱུས་སྟེང་མཐར་ཕྱིན་སློབ་མ་ཆེས་མང་པོའི་ལོ་ཞིག་ཡིན་པས། ལས་ཞུགས་ཁུར་བོ་སྔར་ལས་ཇེ་ལྗིད་དུ་སོང་ཡོད། དེར་བརྟེན། མཐོ་རིམ་སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མའི་ལས་ཞུགས་བྱ་བ་དེ་ད་ལོའི་ལས་ཞུགས་བྱ་བའི་གོ་གནས་གལ་ཆེན་ཞིག་ཏུ་བཞག་ནས། ཚོང་རའི་ནུས་པ་འདོན་སྤེལ་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུས་བཅོས་བསྒྱུར་གསར་བསྐྲུན་བྱེད་པ། ལས་ཞུགས་ལས་སྤེལ་གྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་བཅས་བྱས་ཏེ། མཐོ་རིམ་སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མ་ལས་ཞུགས་ལས་སྤེལ་བྱེད་ཐུབ་པར་འབད་བརྩོན་ཆེན་པོ་བྱེད་དགོས་ཟེར།

ཚོགས་ཐོག་ནས་ངལ་རྩོལ་པའི་གཞི་རྩའི་ཁེ་དབང་འགན་སྲུང་བྱ་བའི་སྐོར་གྱི་ཡར་ཞུར་ཉན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག