མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་ཏང་གི་སློབ་གྲྭས་ཉིས་སྟོང་བཅུ་བཞི་ལོའི་དཔྱིད་དུས་སློབ་སྐབས་ཀྱི་སྐོར་ཐེངས་དང་པོའི་ཟབ་སྦྱོང་འཛིན་གྲྭའི་མཐར་ཕྱིན་མཛད་སྒོ་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-30 10:51

ཚེས29ཉིན། ཀྲུང་དབྱང་ཏང་གི་སློབ་གྲྭས2014ལོའི་དཔྱིད་དུས་སློབ་སྐབས་ཀྱི་སྐོར་ཐེངས་དང་པོའི་ཟབ་སྦྱོང་འཛིན་གྲྭའི་མཐར་ཕྱིན་མཛད་སྒོ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་ལིག་ཡུན་ཧྲན་མཐར་ཕྱིན་མཛད་སྒོར་ཞུགས་པར་མ་ཟད། སློབ་མ་རྣམས་ལ་མཐར་ཕྱིན་འཛིན་ཡིག་གནང་།
ཚེས29ཉིན། ཀྲུང་དབྱང་ཏང་གི་སློབ་གྲྭས2014ལོའི་དཔྱིད་དུས་སློབ་སྐབས་ཀྱི་སྐོར་ཐེངས་དང་པོའི་ཟབ་སྦྱོང་འཛིན་གྲྭའི་མཐར་ཕྱིན་མཛད་སྒོ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་ལིག་ཡུན་ཧྲན་མཐར་ཕྱིན་མཛད་སྒོར་ཞུགས་པར་མ་ཟད། སློབ་མ་རྣམས་ལ་མཐར་ཕྱིན་འཛིན་ཡིག་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་ཏང་གི་སློབ་གྲྭས་ཚེས29ཉིན2014ལོའི་དཔྱིད་དུས་སློབ་སྐབས་ཀྱི་སྐོར་ཐེངས་དང་པོའི་ཟབ་སྦྱོང་འཛིན་གྲྭའི་མཐར་ཕྱིན་མཛད་སྒོ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་ལིག་ཡུན་ཧྲན་མཐར་ཕྱིན་མཛད་སྒོར་ཞུགས་པར་མ་ཟད། སློབ་མ་རྣམས་ལ་མཐར་ཕྱིན་འཛིན་ཡིག་གནང་། ཀྲུང་དབྱང་ཏང་གི་སློབ་གྲྭར་ཐེངས་འདིར་སློབ་མཐར་ཕྱིན་པའི་སློབ་མ་ཉིས་བརྒྱ་དང་བཅུ་བདུན་ཡོད་ལ། སློབ་མ་རྣམས་ཀྱིས་ཐེངས་འདིར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པར་ནན་ཏན་གྱིས་སློབ་སྦྱོང་བྱས་པ་བརྒྱུད་ཆབ་སྲིད་ཀྱི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་སོང་བ་དང་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་རེ་བ་གསར་བར་སྔར་ལས་ངེས་ཤེས་གསལ་བོ་ཡོད་པར་མ་ཟད། འོས་འགན་འཁུར་ཕོད་པའི་འདུ་ཤེས་ཇེ་དྲག་ཏུ་བཏང་བ་དང་མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་གཞུང་ལུགས་ལ་སློབ་སྦྱོང་དང་། ལྷག་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གཞུང་ལུགས་མ་ལག་ལ་སློབ་སྦྱོང་བཅས་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གསར་སྐྲུན་གྲུབ་འབྲས་ཀྱི་ངེས་ཤེས་སྔར་ལས་གཏིང་ཟབ་ཏུ་བཏང་བ་དང་། ཕུགས་བསམ་གྱི་འདུ་ཤེས་ཇེ་བརྟན་དང་གནད་དོན་ལ་དབྱེ་ཞིབ་དང་གནད་དོན་ཐག་གཅོད་པའི་ནུས་པ་ཇེ་ཆེར་བཏང་བར་མ་ཟད། ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ་རང་འགུལ་གྱི་སྒོ་ནས་སྤྱོད་སྟངས་བསྒྱུར་བ་དང་སློབ་སྲོལ་བསྒྱུར་ནས་ཏང་གཤིས་གསོ་སྦྱོང་བྱེད་ཤུགས་ཇེ་དྲག་ཏུ་བཏང་ཟེར།

ཀྲུང་དབྱང་ཏང་གི་སློབ་གྲྭའི་རྒྱུན་ལས་སློབ་གཙོ་གཞོན་པ་ཧི་ཡུས་ཐིན་གྱིས་མཐར་ཕྱིན་མཛད་སྒོའི་སྟེང་གཏམ་བཤད་པར་མ་ཟད། སློབ་མ་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་གཏིང་ཟབ་པའི་སྒོ་ནས་སློབ་སྦྱོང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། བསམ་བློ་ཆབ་སྲིད་རྨང་གཞིའི་འགན་ནུས་ལག་བསྟར་བཟང་བོ་བྱེད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ། བཅོས་བསྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ནས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་བཟང་བོར་སྤེལ་བ་དམ་འཛིན་བྱེད་དགོས་པའི་རེ་བ་བཏོན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག