མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཁྲུང་ཆིན་ནས་ནུབ་རྒྱུད་གསར་སྤེལ་དང་སྒོ་འབྱེད་གནས་ཚུལ་དང་འབྲི་ཆུའི་དཔལ་འབྱོར་ས་ཁུལ་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་མཛད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-30 10:51

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ4བའི་ཚེས27ཉིན་ནས་ཚེས29ཉིན་བར་ཁྲུང་ཆིན་ནས་ནུབ་རྒྱུད་གསར་སྤེལ་དང་སྒོ་འབྱེད་གནས་ཚུལ་དང་འབྲི་ཆུའི་དཔལ་འབྱོར་ས་ཁུལ་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ4བའི་ཚེས27ཉིན་ནས་ཚེས29ཉིན་བར་ཁྲུང་ཆིན་ནས་ནུབ་རྒྱུད་གསར་སྤེལ་དང་སྒོ་འབྱེད་གནས་ཚུལ་དང་འབྲི་ཆུའི་དཔལ་འབྱོར་ས་ཁུལ་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་མཛད།

ན་ནིང་པེ་ཅིན་ནས་ཝན་ཀྲིག་ལ་སྤར་བའི་ཀྲིན་ཐུང་འཕྲིན་གཏོང་ཀུང་ཟིས་གློག་རྡུལ་ཚོང་དོན་གཉེར་བ་དང་མི་སྟོང་གཅིག་ལྷག་གི་ལས་ཞུགས་གནད་དོན་ཐག་བཅད། ལིས་ཁི་ཆང་གིས་གནས་ཚུལ་དེ་ཤེས་རྗེས་དགའ་སྤྲོ་ཆེན་པོ་སྐྱེས་བཞིན་ཡོད། ཁོང་གིས་གསུངས་རྒྱུར། དེ་ནི་ང་ཚོས་ཧ་ཅང་སེམས་ཁུར་བྱེད་པའི་དོན་དག་གལ་ཆེན་ཞིག་ཡིན། ལམ་ཡངས་དྲ་རྒྱ་སོགས་ཀྱི་རྨང་གཞིའི་སྒྲིག་ཆས་མྱུར་དུ་འཕེལ་རྒྱས་སུ་གཏོང་ན་ཆ་འཕྲིན་ཞབས་ཕྱི་སོགས་དེང་རབས་ཞབས་ཕྱིའི་ལས་རིགས་དེ་ཡང་ནུབ་རྒྱུད་ས་ཁུལ་དུ་སྤོར་ནས་ལས་ཞུགས་ཀྱི་ཚད་ཇེ་ཆེར་གཏོང་བ་དང་ཡོང་སྒོ་འཕར་བར་སྣེ་ཁྲིད་བྱེད་དགོས་ཟེར།

ཁྲུང་ཆིན་ཁྲོན་ཡེ་ཀུང་ཟི་རུ་ལིས་ཁི་ཆང་གིས་ཁེ་ལས་ཀྱིས་གསར་སྐྲུན་ལ་བརྟེན་ནས་ཐོན་རྫས་ཀྱི་སྤུས་ཚད་ཇེ་མཐོར་བཏང་ནས་མུ་མཐུད་དུ་ཁྱབ་ཁོངས་གསར་བ་གསར་གཏོད་བྱས་པར་ཁས་ལེན་མཛད། ཁོང་གིས་གསར་སྐྲུན་གྱི་རྣམ་པ་བཟང་བོ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ནུབ་རྒྱུད་ས་ཁུལ་གྱིས་གསར་སྐྲུན་ལ་རྐང་བཙུགས་ནས་མཆོང་སྐྱོད་ཀྱི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་ཟེར།

ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ཐོན་ལ་ཉེ་བའི་སྐབས་འདིར་ལིས་ཁི་ཆང་ས་ཆ་གང་དུ་ཐོན་ན་ཐོག་མར་འཐབ་ཕྱོགས་དང་པོའི་ངལ་རྩོལ་པ་རྣམས་ལ་འཚམས་འདྲི་ཞུས། ཁོང་གིས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རྒྱ་ཆེའི་ངལ་རྩོལ་པ་རྣམས་ལ་སེམས་ཁུར་དང་རོགས་རམ་བྱས་ནས་ཁོ་ཚོའི་འཚོ་བའི་ཆ་རྐྱེན་སྔར་ལས་ཇེ་ལེགས་སུ་གཏོང་དགོས་ཞེས་གསུངས།

ཁྲུང་ཆིན་དུ་རྟོག་ཞིབ་མཛད་སྐབས། ལིས་ཁི་ཆང་གིས་ཁྲུང་ཆིན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་ཡར་ཞུ་བྱས་པར་ཉན་པར་མ་ཟད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད། ཁོང་གིས་ཁྲུང་ཆིན་གྱིས་ནུབ་རྒྱུད་གསར་སྤེལ་སྒོ་འབྱེད་དང་འབྲི་ཆུའི་དཔལ་འབྱོར་ས་ཁུལ་འཛུགས་སྐྲུན་བྱེད་པ་སོགས་ཀྱི་གོ་སྐབས་བཟང་བོ་དམ་འཛིན་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་བྱེད་པའི་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་དགོས་ཞེས་གསུངས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག