མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཨ་མེ་རི་ཁའི་སྔོན་ཆད་ཀྱི་ནོར་སྲིད་དཔོན་པོ་ཀའེ་ཐི་ན་ལ་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-30 10:51

ཟླ4བའི་ཚེས29ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཨ་མེ་རི་ཁའི་སྔོན་ཆད་ཀྱི་ནོར་སྲིད་དཔོན་པོ་ཀའེ་ཐི་ན་ལ་མཇལ་འཕྲད་གནང་།
ཟླ4བའི་ཚེས29ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཨ་མེ་རི་ཁའི་སྔོན་ཆད་ཀྱི་ནོར་སྲིད་དཔོན་པོ་ཀའེ་ཐི་ན་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ4བའི་ཚེས29ཉིན་གྱི་ཕྱི་དྲོར་པེ་ཅིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཨ་མེ་རི་ཁའི་སྔོན་ཆད་ཀྱི་ནོར་སྲིད་དཔོན་པོ་ཀའེ་ཐི་ན་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་གསུངས་རྒྱུར། ཅང་མ་འགོར་བའི་སྔོན་ལ་རྒྱལ་ཁབ་གཉིས་ཀྱི་མགོ་གཙོ་ཧེ་ཡ་ནས་ཐུག རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བའི་རྒྱལ་སྤྱིའི་གནས་བབ་ཀྱི་མདུན་དུ། ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱིས་ཕོག་ཐུག་མི་གཏོང་བ་དང་ཕན་ཚུན་བར་བརྩི་འཇོག་བྱེད་པ། མཉམ་ལས་མཉམ་རྒྱལ་བྱེད་པ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས། རྣམ་པ་གསར་བའི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་འཛུགས་སྐྲུན་བྱེད་པར་ཧུར་ཐག་སྒོས་སྐུལ་འདེད་གཏོང་བ་དང་། འོས་འཚམ་སྒོས་འགལ་བ་ཐག་གཅོད་བྱེད་རྒྱུ་དེ་ཕྱོགས་གཉིས་ཀྱི་ཁེ་ཕན་དང་མཐུན་ལ། འཛམ་གླིང་དང་ས་གནས་ཀྱི་ཞི་བདེ་དང་བརྟན་འཇགས་ལ་སྐུལ་འདེད་གཏོང་བར་ཕན་པ་ཡོད་ཟེར།

ལིས་ཁི་ཆང་གིས་ད་རུང་ཀྲུང་གོའི་བཅོས་བསྒྱུར་དང་དཔལ་འབྱོར་འཕེལ་རྒྱས་བར་གྱི་འབྲེལ་བ་མཚམས་སྦྱོར་མཛད། ཁོང་གིས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་པ་དེ་བཅོས་བསྒྱུར་ལ་བརྟེན་པས། ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་དང་བདེ་བླག་སྒོས་འཕེལ་རྒྱས་སུ་གཏོང་རྒྱུ་སྲུང་འཛིན་བྱེད་པ་དང་། གནད་དོན་སྣ་ཚོགས་ཐག་གཅོད་བཟང་བོ་བྱེད་རྒྱུ་དེ་སྔར་བཞིན་བཅོས་བསྒྱུར་ལ་བརྟེན་དགོས། བཅོས་བསྒྱུར་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྟོབས་ཤུགས་དང་རྒྱབ་རྟེན་ཡིན། ཀྲུང་གོས་བཅོས་བསྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་དང་སྒོ་འབྱེད་སྔར་ལས་རྒྱ་བསྐྱེད་པ་དེས་ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཐད་ལ་སྔར་ལས་རྒྱ་ཆེ་བའི་ཁྱབ་ཁོངས་རྒྱ་བསྐྱེད་ཐུབ་ཅེས་ནན་གྱིས་གསུངས།   

ཀེ་ཐི་ན་ཡིས་ཀྲུང་གོས་རང་ཉིད་ཀྱི་ཁྱད་སྟོབས་འདོན་སྤེལ་བྱས་ནས། འཕེལ་རྒྱས་སྔར་ལས་ཆེན་པོ་ལེན་ཐུབ་པར་ཡིད་ཆེས་ཡོད་ལ། ཨ་མེ་རི་ཁ་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་ཀྱི་མདུན་ལྗོངས་རྒྱ་ཆེན་པོ་ལྡན་པས། རྒྱལ་ཁབ་གཉིས་ཀྱིས་འབྲེལ་འདྲིས་དང་མཉམ་ལས་ལ་ཤུགས་སྣོན་དགོས་ཤིང་། ཁོས་དེའི་ཐད་ལ་མུ་མཐུད་དུ་ནུས་པ་བཟང་བོ་འདོན་སྤེལ་བྱེད་རྒྱུ་ཡིན་ཞེས་བཤད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག