མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཨེ་ཤ་ཡའི་ཕན་ཚུན་རོགས་ལས་དང་ཡིད་ཆེས་བྱེད་ཐབས་གྲོས་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་ཐེངས་བཞི་བ་དེ་ཧྲང་ཧེ་ནས་བསྡུ་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-30 10:51

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཤ་ཡའི་ཕན་ཚུན་རོགས་ལས་དང་ཡིད་ཆེས་བྱེད་ཐབས་གྲོས་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་ཐེངས་བཞི་བ་ཟླ5བའི་ཚེས20ཉིན་ནས་ཚེས21ཉིན་བར་ཧྲང་ཧེ་ནས་བསྡུ་རྒྱུ་རེད། མཐོ་རིམ་གྲོས་ཚོགས་ཀྱི་ནང་དོན་གཙོ་བོ་ནི་གྲོས་མོལ་ལ་ཤུགས་སྣོན་པ་དང་ཡིད་ཆས་དང་རོགས་ལས་དམ་པོ་བྱས་ནས། མཉམ་དུ་ཞི་བདེ་དང་བརྟན་འཇགས། མཉམ་ལས་བཅས་ཀྱི་ཨེ་ཤ་ཡ་གསར་བ་འཛུགས་སྐྲུན་བྱེད་དགོས་ཞེས་པ་དེ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྲོས་ཚོགས་སུ་ཞུགས་རྒྱུ་ཡིན་པར་མ་ཟད་གྲོས་ཚོགས་ལ་མགོ་འཛིན་མཛད་རྒྱུ་རེད། ཨེ་ཤ་ཡའི་ཕན་ཚུན་རོགས་ལས་དང་ཡིད་ཆེས་བྱེད་ཐབས་གྲོས་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དང་ལྟ་ཞིབ་པའི་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དང་འཐུས་མི། འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་པ། མཐོ་རིམ་གྲོས་ཚོགས་ཀྱི་སྐུ་མགྲོན་བཅས་གདན་དྲངས་པ་ལྟར་གྲོས་ཚོགས་སུ་ཞུགས་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག