མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ནང་སོག་གི་སུའུ་ཧྭ་བྱེ་ཐང་ལྗང་འགྱུར་གྱི་ལས་ལ་གཞོལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-04-30 10:24

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སུའུ་ཧ་ནི་ནང་སོག་ཨ་ལ་ཧྲན་ས་ཁུལ་གྱི་སྲིད་གྲོས་ཀྱི་དེ་སྔའི་ཀྲུའུ་ཞི་ཡིན་པ་དང་། སྤྱི་ལོ2004ལོར་ལས་འཁྱུར་ངལ་གསོ་སྐྱོན་རྗེས་གྲོང་ཁྱེར་གྱི་འཚོ་བ་ཡག་པོ་རྒྱབ་ཏུ་བསྐྱུར་ནས་བཟའ་ཟླ་དང་མཉམ་དུ་ཕ་ཡུལ་ཨེ་ཆི་ན་རྫོང་དུ་ལོག་ཏེ། བྱེ་ཐང་དང་ཐང་རྒོད་ཁྲོད་ཁོང་གི་བྱེ་འགོག་བྱེ་བཅོས་ཀྱི་བསམ་འདུན་ལག་བསྟར་གནང་ཡོད། བགྲེས་སོང་སུའུ་ཧྭ་དང་ཐུག་འཕྲད་བྱེད་སྐབས་ཁོང་གིས་གཞོན་ནུ་ཁྱུ་གཅིག་གི་སྣེ་ཁྲིད་དེ་ད་ལོའི་དཔྱིད་དུས་ཀྱི་ཤིང་སྡོང་འཛུགས་རྒྱུའི་ལས་ཀ་བྲེལ་བཞིན་ཡོད། ལྷགས་པ་ཆེན་པོར་མ་འཛེམ་པར་བྱེ་ཐང་ཁྲོད་བྲེལ་བྲེལ་ཚུབ་ཚུབ་ངང་ཤིང་སྡོང་འཛུགས་པ་དང་། ཆུ་རྒྱག་བཞིན་ཡོད། སུའུ་ཧྭ་ཡིས་བྱེ་འགོག་བྱེ་བཅོས་དང་ཕ་ཡུལ་ལྗང་འགྱུར་བྱ་རྒྱུའི་བསམ་འདུན་ནི་ཁོང་ནས་རྒྱུན་འཁྱོངས་བྱེད་པའི་སྒུལ་ཤུགས་ཤིག་ཡིན་ཞེས་གསུངས་པ་རེད།

སྐབས་དེ་དུས་སུའུ་ཧྭ་ཕ་ཡུལ་དུ་ལོག་ནས་ཤིང་སྡོང་འཛུགས་སྐབས་ཨེ་ཆི་ན་རྫོང་གི་སྐབས་དེ་དུས་ཀྱི་འགོ་ཁྲིད་ནི་སུའུ་ཧྭ་ཡི་དེ་སྔའི་ལས་ཁུངས་དང་ལས་རོགས་རྙིང་པ་ཤ་སྟག་ཡིན་པས། རང་འགུལ་ངང་ཁོང་ལ་ཆ་རྐྱེན་ཅུང་ཡག་པའི་བྱེ་ས་ཞིག་བགོ་བཤའ་བརྒྱབ་ཡོད། འོན་ཀྱང་སུའུ་ཧྭ་ཡིས་འཕྲལ་ཐག་ཆོད་པོས་དང་ལེན་མ་གནང་བར་བྱེ་ས་ཅན་ལ་འགྱུར་ཚད་ཚབས་ཆེ་ཤོས་ཀྱི་ཧའེ་ཁྲེང་གི་གཤམ་འོག་ཏུ་གདམ་ག་གནང་ཡོད། ཁོང་གིས་ཆུ་བོ་རྒྱུག་ཁུལ་གྱི་ཆ་རྐྱེན་ཡག་པའི་ས་ཁུལ་དེ་སྤྲད་དུས་ང་རང་གིས་བསམ་བློ་མང་པོ་གཏོང་དུས་འབྲོག་པའི་རྩྭ་ས་བཙན་བཟུང་བྱ་རྒྱུ་མེད་ལ། འབྲོག་པ་དང་ཁེ་ཕན་རྩོད་རེས་བྱ་རྒྱུ་མེད་པ་བསམ་བློ་འཁོར་བྱུང་། སྔོན་ཆད་ཧའེ་ཁྲེང་ལ་མི་ཚང་མས་བྱེ་བས་བསྣུབས་ཟིན་པའི་ས་ཆ་ཞེས་འབོད་ཀྱི་ཡོད་པས། ང་རང་ནས་ཧའེ་ཁྲེང་དུ་ནགས་ཚལ་བཟོ་ཐུབ་ཚེ། ཨེ་ཆི་ཡི་ས་ཆ་མང་ཆེ་བར་ཤིང་འདེབས་འཛུགས་ཐུབ་ཀྱི་རེད་ཅེས་གསུངས་པ་རེད།

ལོ་བཅུའི་རིང་ཁོང་གིས་བྱེ་རླུང་དང་ཚ་དུག་ལ་མ་འཛེམས་པར་རང་བྱུང་གི་ཆ་རྐྱེན་ཞན་པའི་འོག་ལེགས་གྲུབ་ལྡན་པའི་སྒོ་ནས་རང་བྱུང་ནགས་ཚལ་མུའུ་སུམ་སྟོང་མྱུར་སྐྱོབ་བྱས་པ་དང་། མི་ཐབས་ལ་བརྟེན་ནས་ཤིང་སྡོང་རྐང་དྲུག་ཁྲི་ལྷག་ཙམ་འདེབས་འཛུགས་བྱས་པས། བྱེ་ཐང་གི་རྒྱ་མཚོའི་ཁྲོད་ལྗང་མདོག་ཁུལ་ཆུང་ཆུང་ཞིག་གཏོད་ཡོད། བགྲེས་སོང་སུའུ་ཧྭ་ཡི་བྱེ་ཐང་གི་རྒྱ་མཚོའི་ཐོག་འབད་བརྩོན་ལྷོད་མེད་གནང་བའི་སྙིང་སྟོབས་དེས་ས་གནས་དེ་གའི་ལས་བྱེད་མང་ཚོགས་དང་། རྒྱལ་ཁབ་ཕྱི་ནང་གི་གྲོགས་པོ་རྣམས་ཨེ་ཆི་ནར་ཤིང་འཛུགས་བྱེ་བཅོས་བྱེད་པར་ཡོང་རྒྱུར་སྐུལ་འདེད་ཐེབས་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག