མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཉེས་ཆད་ཉུང་གཏོང་དང་ཚོད་བགམ་གློད་གྲོལ་གྱོད་གཞིའི་བདག་སྤྲོད་བྱེད་པའི་གོ་རིམ་སྐོར་གྱི་གཏན་འབེབས་ཞེས་པ་ཁྱབ་བསྒྲགས་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-04-30 10:24

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་སྤྱི་ཚེས29ཉིན་པེ་ཅིན་དུ་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་འཚོགས་ཏེ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཉེས་ཆད་ཉུང་གཏོང་དང་ཚོད་བགམ་གློད་གྲོལ་གྱོད་གཞིའི་བདག་སྤྲོད་བྱེད་པའི་གོ་རིམ་སྐོར་གྱི་གཏན་འབེབས་ཞེས་པ་ཁྱབ་བསྒྲགས་བྱས་ཡོད། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་གསར་འགྱུར་མགྲིན་ཚབ་པ་སུན་ཅུན་ཀུང་གིས་ཁྱབ་བསྒྲགས་ཚོགས་འདུའི་ཐོག་གསར་དུ་ཁྱབ་བསྒྲགས་བྱས་པའི་གཏན་འབེབས་དོན་ཚན་གསུམ་པའི་མི་དམངས་ཁྲིམས་ཁང་གིས་ཉེས་ཆད་ཉུང་གཏོང་དང་། ཚོད་བགམ་གློད་གྲོལ་གྱི་གྱོད་གཞི་བདག་སྤྲོད་བྱེད་སྐབས་གྱོད་གཞི་ཐོ་འགོད་བྱས་པའི་རྗེས་ཀྱི་ཉིན་ལྔའི་ནང་ཁྲིམས་འཛིན་ལས་ཁུངས་ནས་ཉེས་ཆད་ཉུང་གཏོང་དང་ཚོད་བགམ་གློད་གྲོལ་རེ་ཞུ་བྱེད་པའི་གྲོས་འགོའི་ཡི་གེ་སོགས་དཔྱད་གཞིའི་ཡིག་ཆ་ཁྲིམས་ལྟར་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་དགོས་པ་སྔར་བས་གསལ་པོ་བཏོན་ཡོད། སྤྱི་ཚོགས་ལ་ཡོངས་བསྒྲགས་ཟེར་བ་ནི་རྩ་དོན་ཐོག་མཉམ་འབྲེལ་དྲ་བ་བརྒྱུད་ཡོངས་བསྒྲགས་བྱ་རྒྱུ་དང་། དུས་མཚུངས་སུ་གཏན་འབེབས་ནང་ད་དུང་ཡོངས་བསྒྲགས་བྱེད་པའི་དུས་བཀག་ཉིན་ལྔ་ཡིན་པ་གསལ་པོ་བཟོས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། གསར་དུ་ཁྱབ་བསྒྲགས་བྱས་པའི་གཏན་འབེབས་དེ་སྤྱི་ལོ2014ལོའི་ཟླ་བ་བཞི་པའི་ཚེས10ཉིན་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེབས1611ཐོག་གྲོས་འཆམ་བྱུང་ཞིང་། ད་ལོའི་སྤྱི་ཟླ་དྲུག་པའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག