མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཁབ་ཀྱི་ལས་སྐྲུན་ལས་ཞུགས་དང་ཁྲལ་བསྡུའི་སྲིད་ཇུས་གསར་པ་བཏོན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-04-30 10:24

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནོར་སྲིད་པུའུ་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་བཅས་ཀྱིས་སྤྱི་ཚེས་29ཉིན་མཉམ་འབྲེལ་ཐོག་སྤེལ་བའི་མུ་མཐུད་གཙོ་གནད་མི་ཚོགས་ཀྱི་ལས་སྐྲུན་ལས་ཞུགས་ལ་རྒྱབ་སྐྱོར་དང་སྐུལ་འདེད་གཏོང་བའི་འབྲེལ་ཡོད་ཁྲལ་བསྡུའི་སྲིད་ཇུས་སྐོར་གྱི་བརྡ་ཐོ་ཞེས་པ་དང་། དེ་བཞིན་ནོར་སྲིད་པུའུ་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས། དམངས་སྲིད་པུའུ་བཅས་ཀྱིས་སྤྱི་ཚེས་29ཉིན་གཤམ་སྤེལ་བྱས་པའི་རང་བདག་ལས་ཞུགས་བྱེད་པའི་དམག་ཞབས་ཐིམ་པའི་དམག་མིའི་ལས་སྐྲུན་དང་ལས་ཞུགས་ལ་ཟུར་སྐྱོར་བྱེད་པའི་འབྲེལ་ཡོད་ཁྲལ་བསྡུའི་སྲིད་ཇུས་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ་ཞེས་པས་འབྲེལ་ཡོད་སྲིད་ཇུས་སྔར་བས་ཁ་གསལ་བཟོས་ཡོད་པ་རེད།

རང་བདག་ལས་སྐྲུན་ལ་སྐུལ་མ་གཏོང་བའི་ཐད། སྲིད་ཇུས་ནང་། ལས་ཤོར་ཐོ་འགོད་བྱས་ནས་ལོ་ཕྱེད་ལྷག་ཕྱིན་པའི་མི་སྣ་དང་། ལོ་དེ་གའི་ནང་གི་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ། དེ་བཞིན་ལས་ཞུགས་བྱེད་མཁན་གཅིག་ཀྱང་མེད་པའི་ཁྱིམ་ཚང་། གྲོང་ཁྱེར་གྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་སྲུང་ལོངས་སྤྱོད་བྱེད་མཁན་ཁྱིམ་ཚང་གི་ངལ་རྩོལ་ལོ་ཚད་ནང་ལས་ཤོར་ཐོ་འགོད་མི་སྣས་སྒེར་གཉེར་བྱེད་མཁན་བཅས་ལ་ལོ་གསུམ་ནང་དུད་ཁྱིམ་རེར་ལོ་རེར་སྒོར་8000ཚད་གཞིར་བྱས་ཏེ་རིམ་པ་བཞིན་ལོ་དེ་གའི་དོན་དངོས་ཐོག་འཇལ་དགོས་པའི་ཁེ་གཉེར་དཔྱ་ཁྲལ་དང་གྲོང་ཁྱེར་སྲུང་སྐྱོབ་དང་འཛུགས་སྐྲུན་དཔྱ་ཁྲལ། སློབ་གསོའི་ཟུར་སྣོན་གླ་རིན། ས་གནས་ཀྱི་སློབ་གསོའི་ཟུར་སྣོན་གླ་རིན། མི་སྒེར་གྱི་ཐོབ་ཁྲལ་བཅས་ཆག་ཡང་གཏོང་རྒྱུ་དང་། ཚད་གཞི་མཐོ་ཤོས་བརྒྱ་ཆ་20འཕར་ཆོག་ཅིང་དཔྱ་ཁྲལ་ཆག་ཡང་དུ་གཏོང་ཚད་མཐོ་ཤོས་སྒོར་9600ཡིན་པ་ཁ་གསལ་འཁོད་ཡོད་པ་རེད།

གཞན་ཡང་། མིག་སྔར་རྒྱལ་ཁབ་ཀྱིས་དབང་པོ་སྐྱོན་ཅན་པའི་ལས་ཞུགས་ཐད་ཁྲལ་བསྡུའི་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱས་ཡོད་ཅིང་། དེའི་ནང་དབང་པོ་སྐྱོན་ཅན་བཀོད་སྒྲིག་བྱེད་མཁན་ཚན་པར་ཁྲལ་དོན་ལས་ཁུངས་ཀྱིས་ཚན་པས་དོན་དངོས་ཐོག་དབང་པོ་སྐྱོན་ཅན་བཀོད་སྒྲིག་བྱེད་པའི་མི་གྲངས་ལ་གཞིགས་ནས་ཚད་གཞི་བཟོས་ནས་འཕར་སྣོན་རིན་ཐང་དཔྱ་ཁྲལ་བསྡུ་བའམ་ཆག་ཡང་གཏོང་བ། དེ་བཞིན་ལས་གཉེར་དཔྱ་ཁྲལ་ཉུང་དུ་གཏོང་བའི་བྱེད་ཐབས་ལག་བསྟར་བྱས་ཡོད་པ་དང་། དབང་པོ་སྐྱོན་ཅན་བཀོད་སྒྲིག་བྱེད་མཁན་ཚན་པའི་ཁེ་ལས་ལ་ཁེ་ལས་ཀྱི་ཐོབ་ཁྲལ་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱས་པ། དབང་པོ་སྐྱོན་ཅན་མི་སྒེར་གྱི་ལས་ཞུགས་ལ་མི་སྒེར་གྱི་ཐོབ་ཁྲལ་དང་རིན་ཐང་འཕར་སྣོན་དཔྱ་ཁྲལ། ལས་གཉེར་དཔྱ་ཁྲལ་བཅས་ཀྱི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱས་པ་སོགས་ཚུད་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག