མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཚུལ་མིན་འདོད་སྲེད་གཙང་ཕྱག་དང་ཁྲིམས་འགལ་ལ་རྡུང་རྡེག་གཏོང་མཁན་གཞུང་ལས་ཁང་གིས་ནན་ལིང་ལས་གཞིའི་ཁོངས་གཏོགས་ཚན་པ་བཅུ་གཉིས་པར་འཕར་ཡོད་ཅེས་བསྟན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-04-30 10:24

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་ཀྱི་ཚུལ་མིན་འདོད་སྲེད་གཙང་ཕྱག་དང་ཁྲིམས་འགལ་ལ་རྡུང་རྡེག་གཏོང་མཁན་གཞུང་ལས་ཁང་གིས་སྤྱི་ཚེས28ཉིན། ཀྲུའུ་ཧའེ་རུ་སྤྱི་ལོ2014ལོའི་རྒྱལ་ཡོངས་ཀྱི་ཚུལ་མིན་འདོད་སྲེད་གཙང་ཕྱག་དང་ཁྲིམས་འགལ་ལ་རྡུང་རྡེག་གཏོང་བའི་ནན་ལིང་ལས་གཞིའི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།

གྲོས་ཚོགས་ཐོག་གཙོ་གནད་ས་ཁུལ་གྱི་འགག་སྒོའི་མངའ་ཁོངས་ནང་འཛུལ་མཁན་ལ་ཞིབ་བཤེར་བྱེད་པའི་ནུས་པ་སྔར་བས་མཐོ་རུ་གཏོང་བ་དང་། གུང་པའེ་སྒོ་ཁྲལ་ལས་ཁུངས་ནས་ཡུལ་སྐོར་བའི་ཅ་དངོས་ལ་འཕྲུལ་ཆས་ཀྱི་ཞིབ་བཤེར་བརྒྱ་ཆ་བརྒྱ་བྱ་རྒྱུར་སྐུལ་འདེད་གཏོང་བ། འཕྲུལ་ཆས་ཀྱི་ཞིབ་བཤེར་ནང་དོགས་ཡོད་དངོས་པོ་ཤེས་སྐབས་སྒམ་ཁ་ཕྱེ་ནས་ཞིབ་བཤེར་བརྒྱ་ཆ་བརྒྱ་བྱེད་དགོས། ཚུལ་མིན་འདོད་སྲེད་གཙང་ཕྱག་དང་ཁྲིམས་འགལ་ལ་རྡུང་རྡེག་གཏོང་བའི་མཉམ་འགོག་རོགས་ལས་ལས་གཞི་ཆེན་པོ་བཞིའི་གྲས་ཤིག་ཡིན་པའི་ངོས་ནས། ནན་ལིང་ལས་གཞི་སྤྱི་ལོ་༢༠༡༠ལོའི་ཟླ་བ་ལྔ་པར་དངོས་སུ་འགོ་བཙུགས་པ་དང་། ལས་འགན་གཙོ་བོ་ནི་རིགས་མི་འདྲ་བའི་གནོད་ཡོད་དཔེ་སྐྲུན་དངོས་པོར་རྡུང་རྡེག་ཚ་ནན་གཏོང་རྒྱུ་དེ་ཡིན་པ་རེད། ད་ལོ་ཅང་སུའུ་དང་། ཀྲེ་ཅང་། ཧུའུ་པེ། ཀོང་ཞི ཧའེ་ནན་བཅས་ཞིང་ལྗོངས་ལྔ་ནན་ལིང་ལས་གཞིའི་སྒྲོམ་གཞིའི་ནང་བཅུག་པ་དང་། ཁོངས་གཏོགས་ཚན་པའི་གྲས་སུ་དང་ཐོག་མའི་ཀོང་ཏུང་དང་། པེ་ཅིན། ཧྲང་ཧའེ། ཧྥུའུ་ཅན། ཧུའུ་ནན། ཨན་ཧུའེ། ཅང་ཤི་བཅས་བདུན་ནས་ད་ལྟའི་བཅུ་གཉིས་བར་འཕར་ཡོད་པ་རེད།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག