མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཁྲུང་ཆིན་ནས་མགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-29 10:59

李克强在重庆主持召开座谈会.jpg

  ཟླ་བཞི་བའི་ཚེས་ཉེར་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཁྲུང་ཆིན་ནས་མགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས་ནས། འབྲི་ཆུའི་དཔལ་འབྱོར་ས་ཁུལ་འཛུགས་སྐྲུན་ལ་བརྟེན་ནས་ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་གཏོང་བར་འདེགས་ཤུགས་གཙོ་བོ་འདོན་སྤྲོད་བྱེད་པའི་ཐད་ལ་ཞིབ་འཇུག་བྱས།

李克强在重庆主持召开座谈会1.jpg

李克强在重庆主持召开座谈会2.jpg

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཞི་བའི་ཚེས་ཉེར་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཁྲུང་ཆིན་ནས་མགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས་ནས། འབྲི་ཆུའི་དཔལ་འབྱོར་ས་ཁུལ་འཛུགས་སྐྲུན་ལ་བརྟེན་ནས་ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་གཏོང་བར་འདེགས་ཤུགས་གཙོ་བོ་འདོན་སྤྲོད་བྱེད་པའི་ཐད་ལ་ཞིབ་འཇུག་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཚོགས་འདུར་ཞུགས།

  ཚོགས་ཐོག་ཏུ་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགན་ཁུར་པས་འབྲི་ཆུའི་དཔལ་འབྱོར་ས་ཁུལ་འཛུགས་སྐྲུན་གྱི་སྤྱིའི་བསམ་ཕྱོགས་ཡར་ཞུ་བྱས་པ་དང་། ཧྲང་ཧེ་དང་ཅང་སུའུ། ཀྲེ་ཅང་། ཨན་ཧོས། ཅང་ཞི། ཧུའུ་པེ། ཧུའུ་ནན། སི་ཁྲོན། ཁྲུང་ཆིན། ཡུན་ནན། ཀོས་ཀྲིག་བཅས་འབྲི་ཆུའི་དཔལ་འབྱོར་ས་ཁུལ་གྱི་ཞིང་ཆེན་དང་གྲོང་ཁྱེར་སྲིད་གཞུང་གི་འགན་ཁུར་པ་གཙོ་བོས་གྲོས་གཞི་བཏོན།

  ལིས་ཁི་ཆང་གིས་གསུངས་རྒྱུར། འབྲི་ཆུའི་དཔལ་འབྱོར་ས་ཁུལ་འཛུགས་སྐྲུན་བྱེད་པ་ནི་བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་བྱེད་པ་སྲིད་འཛིན་ས་ཁུལ་བརྒལ་བ། བཞུར་རྒྱུན་ཁྱབ་ཁོངས་གཅིག་གྱུར་སྒོས་སྒོ་འབྱེད་པའི་དེང་རབས་ཚོང་རའི་མ་ལག་འཛུགས་སྐྲུན་བྱེད་པ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཕན་ཚུན་ལ་ཡར་སྐུལ་བྱེད་པའི་མཉམ་ལས་ནང་རྐྱེན་ཁ་ཚང་དུ་གཏོང་བ་དང་བཞུར་ཁོངས་ཀྱི་འབྲེལ་མཐུད་སྒྲིག་སྲོལ་འཐུས་ཚང་དུ་བཏང་ནས་ཚོང་རས་རྒྱུ་རྐྱེན་ལེགས་སྒྱུར་བྱེད་པའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཤར་ནུབ་ཀྱིས་ཕན་ཚུན་ལ་སྒོ་འབྱེད་པའི་འཐབ་ཇུས་ལག་བསྟར་བྱེད་པ་དང་དར་གོས་ཚོང་ལམ་གྱི་དཔལ་འབྱོར་ས་ཁུལ་ལ་བརྟེན་པ་གཉིས་འབྲེལ་མཐུད་བྱས་ཏེ། མཚོ་རྒྱུད་དང་འབྲི་ཆུའི་འགྲམ་རྒྱུད། མཐའ་མཚམས་ས་ཁུལ་བཅས་ཕྱོགས་ཡོངས་སྒོ་འབྱེད་པར་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས། འབྲི་ཆུའི་དཔལ་འབྱོར་ས་ཁུལ་འཛུགས་སྐྲུན་བྱེད་པ་དེ་འཕར་སྣོན་བརྟན་འཇགས་དང་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་གྲུབ་ཚུལ་ལེགས་སྒྲིག་བྱེད་པ། དམངས་འཚོ་ལེགས་བཅོས་བྱེད་པ་བཅས་དང་ཟུང་འབྲེལ་དམ་པོ་བྱས་ཏེ། ལས་སྤེལ་དང་ལས་ཞུགས་ལ་སྣེ་ཁྲིད་བྱེད་པ་དང་བྱེད་ཐབས་སྣ་ཚོགས་ལག་བསྟར་བྱས་ནས་དེང་སྐབས་དང་ཡུན་རིང་ལ་ཕན་འབྲས་ངོ་མ་ཐོབ་ཏུ་འཇུག་དགོས་པར་མ་ཟད། འཕེལ་རྒྱས་དང་ཉེན་འགོག་ནུས་པ་སྔར་ལས་ཇེ་ཆེར་གཏོང་དགོས་ཟེར།

  ལིས་ཁི་ཆང་གིས་གསུངས་རྒྱུར། འབྲི་ཆུའི་སྐྱེ་ཁམས་བདེ་འཇགས་དེ་ཁྱོན་ཡོངས་ལ་འབྲེལ་བ་ཡོད་པས། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་རེ་བ་ལྟར། འཕེལ་རྒྱས་དང་སྲུང་སྐྱོབ་བར་གྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་པ་དང་། ཐོན་ལས་སྒྱུར་སྤོར་གྱིས་བཙོག་བཟོ་བྱེད་པ་གཏན་འགོག་བྱེད་དགོས། སྐྱེ་ཁམས་མ་ལག་བསྐྱར་གསོ་དང་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་བསྣན་ནས་མངའ་ཁོངས་གཙོ་བོའི་ས་ཆུ་ཤོར་བར་འགོག་བཅོས་དང་སྲུང་སྐྱོབ་བཟང་བོ་བྱེད་དགོས། གཟབ་ནན་ཡིན་པའི་ཆུའི་ཐོན་ཁུངས་དང་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལམ་ལུགས་བཙུགས་ཏེ་བཙོག་ཆུ་ཕྱིར་འདོན་ཚད་ཚོད་འཛིན་བྱེད་པ་དང་ཆུ་གཤིས་ལེགས་བཅོས་བྱེད་པར་སྐུལ་འདེད་བཏང་ནས། ལྗང་མདོག་སྐྱེ་ཁམས་ཀྱི་བགྲོད་ལམ་གསར་བ་ཞིག་ཏུ་སྐྱོད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག