མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྨན་བཅོས་ལས་ཁུངས་མིན་པས་ཁབ་གཙག་རྒྱབ་པ་སོགས་ཁྲིམས་འགལ་ངང་སྨན་བཅོས་བྱེད་པར་རྩིས་རྒྱུ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-04-29 10:54

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྲུང་ལུགས་སྨན་རྫས་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ཉིན་ཤས་གོང་། སྨན་བཅོས་ལས་ཁུངས་མ་ཡིན་པའི་ལས་ཁུངས་དང་དེའི་ལས་ཀ་བྱེད་མཁན་གྱིས་ཁེ་གཉེར་བྱེད་སྐབས་ཁབ་གཙག་རྒྱག་པ་སོགས་རྨ་ཁ་ཡོད་པའམ་བཙན་གནོད་རང་བཞིན་གྱི་བཅོས་ཐབས་དེ་དག་ཁྲིམས་འགལ་ངང་སྨན་བཅོས་བྱེད་པར་རྩིས་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད་པ་རེད།

ན་ནིང་སྤྱི་ཟླ10པ་ནས་བཟུང་། རྒྱལ་ཡོངས་སུ་དུས་ཡུན་ལོ་གཅིག་གི་སྨན་བཅོས་སྒྲིག་ལམ་ལེགས་སྒྲིག་དང་ཁྲིམས་འགལ་ངང་སྨན་བཅོས་བྱེད་པར་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་ཡོད་པ་རེད། ས་གནས་ཁག་ཅིག་གིས་བྱ་སྤྱོད་སྤེལ་སྐབས་འབྲེལ་ཡོད་ཀྲུང་ལུགས་སྨན་བཅོས་ལྟ་སྐུལ་ཁྱབ་ཁོངས་དང་ནང་དོན་དབྱེ་མཚམས་སོགས་དཀའ་གནད་ཁག་ཅིག་བྱུང་བར་དམིགས་ནས། རྒྱལ་ཁབ་ཀྲུང་ལུགས་སྨན་རྫས་དོ་དམ་ཅུས་གཞུང་ལས་ཁང་དང་། རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས་མཆན་བཀོད་མཛུབ་སྟོན་གནང་ཡོད་པ་རེད། མཆན་བཀོད་མཛུབ་སྟོན་ནང་གོང་གསལ་ཁྲིམས་འགལ་སྨན་བཅོས་ཀྱི་གཏན་འབེབས་ཁ་གསལ་བྱས་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག