མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རང་རྒྱལ་གྱིས་སྲིང་བལ་གྱི་ཁ་གསབ་སྲིད་ཇུས་ལེགས་སྒྲིག་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-04-29 10:54

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་བ་བརྒྱུད། རྒྱལ་ཁབ་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་དང་། ནོར་སྲིད་པུའུ། ཞིང་ལས་པུའུ་བཅས་ཀྱིས་ཉེ་དུས་མཉམ་འབྲེལ་ཐོག་སྤྱི་ལོ2014ལོའི་སྲིང་བལ་གྱི་དམིགས་འབེན་རིན་གོང་ཁྱབ་བསྒྲགས་བྱས་ཡོད་པ་རེད། དེའི་ཐོག་ནས་སྤྱི་ལོ2011ལོ་ནས་བཟུང་ལོ་གསུམ་རྒྱུན་མཐུད་ལག་བསྟར་བྱས་པའི་རྒྱལ་ཁབ་ཀྱི་སྲིང་བལ་གནས་སྐབས་གསོག་ཉར་བྱེད་པའི་སྲིད་ཇུས་དེ་མེད་པ་བཟོས་པ་མཚོན་ཡོད། མིག་སྔར་རྒྱལ་ཡོངས་ཀྱི་སྲིང་བལ་འདེབས་འཛུགས་ལས་དོན་མཇུག་བསྒྲིལ་མཚམས་སུ་སླེབས་ཡོད་པ་དང་། ནང་སའི་སྲིང་བལ་གྱི་རིན་གོང་ཁྲོམ་ར་ཅན་དུ་བསྒྱུར་རྒྱུ་ལག་བསྟར་བྱེད་འགོ་ཚུགས་ཟིན་ཞིང་། ཤིན་ཅང་གཅིག་པུར་སྲིང་བལ་གྱི་དམིགས་འབེན་རིན་གོང་གི་ཁ་གསབ་སྲིད་ཇུས་ལག་བསྟར་བྱས་ཡོད་པ་དང་། རྒྱལ་ཡོངས་ཀྱི་སྲིང་བལ་འདེབས་འཛུགས་ཁྱབ་སྟངས་སྔར་བས་ལེགས་སུ་ཕྱིན་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག