མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

འགན་བཅོལ་ཞིབ་བཤེར་ལས་དོན་གྲོས་ཚོགས་འཚོགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-04-29 10:54

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཀྲུང་གོའི་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་སྤྱི་ལོ2014ལོའི་རྒྱལ་ཡོངས་འགན་བཅོལ་ཞིབ་བཤེར་ལས་དོན་གྲོས་ཚོགས་སྐོང་འཚོགས་བྱས་ཡོད་པ་རེད། འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཧོང་ཧུང་གིས། སྤྱི་ལོ2013ལོར་རིམ་ཁག་ཞིབ་བཤེར་ཚན་པས་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་བཀོད་སྒྲིག་བྱས་པའི་གཙོ་གནད་ལས་འགན་ཁག་ལེགས་གྲུབ་བྱས་ཡོད་པ་དང་། གྱོད་གཞི་ཆེ་ཁག་དང་གྱོད་གཞི་གཙོ་བོའི་ཉེན་ཁ་ནུས་ལྡན་ངང་སེལ་རྒྱུ་དང་ཞིབ་བཤེར་འཇིགས་སྐུལ་ནུས་པ་འདོན་སྤེལ་བྱེད་པའི་ཐད་ནུས་འབྲས་ངེས་ཅན་ཐོན་ཡོད་ཅེས་གསུངས་འདུག

ངོ་སྤྲོད་བྱས་པར་གཞིགས་ན། སྤྱི་ལོ2013ལོར། མ་ལག་ཡོངས་ཀྱིས་ཁྱོན་ཞིབ་བཤེར་ཚོགས་ཆུང2493མངག་གཏོང་བྱས་ནས་འགན་བཅོལ་ལས་ཁུངས2511ལ་ས་ཆ་དངོས་ཀྱི་ཞིབ་བཤེར་བྱས་ཡོད་པ་དང་། ཁྲིམས་མིའི་ལས་ཁུངས་བཞི་དང་དེའི་ཡན་ལག་ལས་ཁུངས་ལ་ཕྱོགས་བསྡུས་རང་བཞིན་གྱི་ཞིབ་བཤེར་བྱས་ནས་རིམ་བརྩིས་བྱས་ན་ཁྲིམས་འགལ་ལུགས་འགལ་གྱི་མ་དངུལ་སྒོར་དུང་ཕྱུར23དང་། ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་ཁག118ཞིབ་དཔྱད་བྱས་ཡོད་པ། ལས་ཁུངས639ལ་སྲིད་འཛིན་ཆད་པ་བཅད་པ། སྤྱི་ཁྱབ་ཀུང་སི་དང་དེས་མཐོ་རིམ་དོ་དམ་བྱེད་པའི་གྱོད་གཞིའི་དོ་དམ་ཚོད་འཛིན་འགན་འཁྲི་ཆེ་རུ་བཏང་ནས། གྱོད་གཞི་རྩད་གཅོད་ནན་པོ་བྱས་པ་དང་། གྱོད་གཞི་ཁག་ཅིག་གི་ཉེན་ཁ་སེལ་བ། ས་ཁོངས་རང་བཞིན་དང་མ་ལག་རང་བཞིན་གྱི་ཉེན་ཁའི་མ་མཐའི་ཚད་གཞི་བརྟན་སྲུང་བྱས་ནས་ལས་རིགས་ཀྱི་གཟུགས་བརྙན་སྲུང་སྐྱོང་བྱས་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག