མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་ཀྱི་བོད་སྐད་ཡིག་གི་བརྡ་ཆད་ཚད་ལྡན་དུ་བསྒྱུར་བའི་ལས་དོན་གྲོས་ཚོགས་པེ་ཅིན་ནས་ཚོགས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-29 10:54

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4བའི་ཚེས28ཉིན་རྒྱལ་ཡོངས་ཀྱི་བོད་སྐད་ཡིག་གི་བརྡ་ཆད་ཚད་ལྡན་དུ་བསྒྱུར་བའི་ལས་དོན་ཨུ་ཡོན་ལྷན་ཁང་གི་སྐབས་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ནས་ཚོགས་ཤིང་། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བའི་ཨུ་ཡོན་ཀྲང་གཞོན་པ་རག་སྡིས་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་སྲི་ཐར། རྒྱལ་ཁབ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ནམ་ཀྲུའུ་རིན་གཞོན་པ་དོན་གྲུབ་དབང་འབུམ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཧྲུའུ་ཅི་ཡོའུ་ལའོ་ཕིན། སྤྱི་ཁྱབ་ལས་འཛིན་ལྷག་པ་ཕུན་ཚོགས། སྤྱི་ཁྱབ་ལས་འཛིན་གཞོན་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ། དེ་མིན་བོད་རང་སྐྱོང་ལྗོངས་དང་། ཞིང་ཆེན་བཞིའི་བོད་ཁུལ། སློབ་གསོ་པུའུ། རྒྱལ་ཁབ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་པུའུ་ཨུ་བཅས་ཀྱི་མགོ་ཁྲིད་པ་དང་། ཆེད་ལས་མཁས་པ་སོགས་མི་བརྒྱད་ཅུ་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་ཐོག་ནས་རྒྱལ་ཁབ་ཀྱི་པུའུ་ཨུ་ལྔ་དང་། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་བཅས་ཀྱི་ལས་ཁུངས་བཅུ་དྲུག་ཞུགས་པའི་རྒྱལ་ཡོངས་བོད་སྐད་ཡིག་གི་བརྡ་ཆད་ཚད་ལྡན་དུ་བསྒྱུར་བའི་ལས་དོན་འཛུབ་སྟོན་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། དེས་རྒྱལ་ཡོངས་ཀྱི་བོད་སྐད་ཡིག་གི་བརྡ་ཆད་ཚད་ལྡན་དུ་གཏོང་བའི་ལས་དོན་ལ་འཛུབ་སྟོན་གནང་རྒྱུ་རེད། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བའི་ཨུ་ཡོན་ཀྲང་གཞོན་པ་རག་སྡིས་ཀྱིས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་ཁུར།

གྲོས་ཚོགས་ཐོག་ད་དུང་རྒྱལ་ཡོངས་བོད་སྐད་ཡིག་གི་བརྡ་ཆད་གསར་བ་ལོ་ཙཱ་དང་དཔྱད་འབེབས་ཀྱི་ཆེད་མཁས་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། བོད་སྐད་ཡིག་ཁྱབ་ཁོངས་ཀྱི་ཆེད་ལས་མཁས་པ་བཅུ་བཞི་ཡིས་གདན་ཞུའི་ཨུ་ཡོན་གྱི་འགན་བཞེས། རྒྱལ་ཡོངས་བོད་སྐད་ཡིག་གི་བརྡ་ཆད་གསར་བ་ལོ་ཙཱ་དང་དཔྱད་འབེབས་ཀྱི་ཆེད་མཁས་ཨུ་ཡོན་ལྷན་ཁང་ནི་བོད་སྐད་ཡིག་གི་ཁྱབ་ཁོངས་སུ་རྒྱལ་ཡོངས་རང་བཞིན་གྱི་ཆེད་མཁས་པའི་གྲུབ་པའི་ཆེད་མཁས་ཨུ་ཡོན་ལྷན་ཁང་ཐོག་མ་ཡིན་ཞིང་། དེས་བོད་སྐད་ཡིག་གི་བརྡ་ཆད་ལོ་ཙཱ་དང་དཔྱད་འབེབས་ལས་ཀ་བསྒྲུབ་རྒྱུ་རེད། གྲོས་ཚོགས་སྟེང«རྒྱལ་ཡོངས་བོད་སྐད་ཡིག་གི་བརྡ་ཆད་ཚད་ལྡན་དུ་གཏོང་བའི་ལས་དོན་ཨུ་ཡོན་ལྷན་ཁང་གི་བརྡ་ཆད་གསར་བ་བོད་ཡིག་ཏུ་བསྒྱུར་བའི་ཚད་ལྡན་དང་ཁྱབ་གདལ་བཀོལ་སྤྱོད་བྱེད་ཐབས»ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཕྱིས་འབྱུང་གི་བོད་སྐད་ཡིག་གི་བརྡ་ཆད་གསར་བ་འཚོལ་སྡུད་དང་ལེགས་སྒྲིག ལོ་ཙཱ་དཔྱད་འབེབས་ནས་བཀོལ་སྤྱོད་ཁྱབ་གདལ་གཏོང་བའི་ཐད་ལ་སྲོལ་ཡིག་གི་སྒྲུབ་ལུགས་ཤིག་ཆགས་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག