མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་དང་ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ཙོ་མ་རྣམ་གཉིས་ཀྱིས་ཕན་ཚུན་ལ་ཡི་གེ་བསྐུར་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མས་ཕྱོགས་གཉིས་ཀྱི་རྒྱལ་ཁབ་ལོའི་བྱ་འགུལ་སྤེལ་མགོ་བརྩམས་པར་རྟེན་འབྲེལ་ཞུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-28 11:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་དང་ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ཙོ་མ་རྣམ་གཉིས་ཀྱིས་ཚེས27ཉིན་ཕན་ཚུན་ལ་ཡི་གེ་བསྐུར་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མས་ཕྱོགས་གཉིས་ཀྱི་རྒྱལ་ཁབ་ལོའི་བྱ་འགུལ་སྤེལ་མགོ་བརྩམས་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕེན་གྱིས་རྟེན་འབྲེལ་ཞུ་བའི་ཡི་གེའི་ནང་གསུངས་རྒྱུར། 2014ལོ་དང2015ལོ་གཉིས་ལ་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མས་ཕྱོགས་གཉིས་ཀྱི་རྒྱལ་ཁབ་ལོའི་བྱ་འགུལ་སྤེལ་རྒྱུ་ཡིན་ལ། དེ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་མི་གཞུང་ཁྱབ་ཁོངས་ཀྱི་བྱ་འགུལ་གལ་ཆེན་ཞིག་ཡིན་པ་དང་རྒྱལ་ཁབ་གཉིས་ཀྱིས་མཛའ་མཐུན་འགྲོ་འོང་བྱེད་པའི་དོན་དག་གལ་ཆེན་ཞིག་ཀྱང་ཡིན། དེས་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་རྒྱུས་ལོན་དང་མཛའ་བཤེས་ཇེ་ཟབ་ཏུ་གཏོང་བ་དང་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་པར་གཏོང་ངེས་རེད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་གཉིས་ཀྱི་རྒྱལ་ཁབ་ལོའི་བྱ་འགུལ་སྤེལ་བ་གོ་སྐབས་སུ་བཟུང་སྟེ་ཨ་ཧྥེ་རི་ཁ་ལྷོ་མ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར། ཞི་ཅིན་ཕེན་གྱིས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱས་ནས་ཨ་ཧྥེ་རི་ཁ་ལྷོ་མ་གསར་བ་བཙུགས་ནས་ལོ་འཁོར20ལོན་པའི་ཐད་ནས་ཙུང་ཐུང་ཙོ་མ་དང་དེ་མིན་ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་གཞུང་དང་མི་དམངས་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།

ཙོ་མས་རྟེན་འབྲེལ་ཞུ་བའི་ཡི་གེའི་ནང་བཤད་རྒྱུར། ཉིས་སྟོང་བཅུ་བཞི་ལོ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་ལོ་ཡིན་ལ། ཨ་ཧྥེ་རི་ཁ་ལྷོ་མའི་རིགས་རྒྱུད་ཁ་བྲལ་དེ་མེད་པར་གཏོང་བའི་དམངས་གཙོ་གསར་བརྗེ་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་ཉི་ཤུ་ལོན་པའི་ལོ་ཡང་ཡིན་པས། ཨ་ཧྥེ་རི་ཁ་ལྷོ་མ་སྲིད་གཞུང་གིས་ཀྲུང་གོ་སྲིད་གཞུང་དང་མི་དམངས་དང་མཉམ་དུ་དོན་ཆེན་དེ་གཉིས་ལ་རྟེན་འབྲེལ་ཞུ་བཞིན་ཡོད་ལ། ང་ཚོས་ཀྱང་ཉིས་སྟོང་བཅོ་ལྔ་ལོར་ཨ་ཧྥེ་རི་ཁ་ལྷོ་མ་ནས་ཀྲུང་གོའི་ལོར་རྟེན་འབྲེལ་ཞུ་བར་རེ་སྒུག་ཞུས་ཡོད་ཟེར།

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག