མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

གོ་ཧྲིན་ཁུན་གྱིས་སྲིད་ཁྲིམས་ལས་དོན་འཕེལ་རྒྱས་དང་ཡར་ཐོན་འབྱུང་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-28 11:14

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། སྤྱི་བདེ་པུའུ་ཡི་པུའུ་ཀྲང་གོ་ཧྲིན་ཁུན་གྱིས་ཚེས27ཉིན་སྐབས་དང་པོའི་སྲིད་ཁྲིམས་མགོ་ཁྲིད་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་གྲོལ་བའི་མཛད་སྒོའི་སྟེང་རིམ་པ་སོ་སོའི་སྲིད་ཁྲིམས་མགོ་ཁྲིད་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་ནས། སྲིད་ཁྲིམས་བྱ་བའི་ཆོས་ཉིད་ཁོང་དུ་ཆུད་པ་དང་། སྲིད་ཁྲིམས་བྱ་བའི་མགོ་ཁྲིད་ནུས་པ་མཐོར་འདེགས་སུ་གཏོང་བའི་ཐད་འབད་བརྩོན་བྱས་ནས། སྲིད་ཁྲིམས་ལས་དོན་དེ་ལོ་རྒྱུས་ཀྱི་མགོ་ཚུགས་ས་གསར་བ་ནས་འཕེལ་རྒྱས་དང་ཡར་ཐོན་གསར་བ་འབྱུང་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་གསུངས།

གོ་ཧྲིན་ཁུན་གྱིས་ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་བྱེད་སྟངས་གཉིས་སྲིད་ཁྲིམས་བྱ་བའི་ཁྱབ་ཁོངས་སོ་སོར་སྦྲེལ་ཏེ། རང་རྟོགས་སྒོས་ཁྲིམས་སྐྱོང་འདུ་ཤེས་ལ་བརྟེན་ནས་ཁྲིམས་འཛིན་དབང་ཆ་བཀོལ་སྤྱོད་བྱེད་པར་ཚོད་འཛིན་བྱེད་དགོས་པ་དང་། སྤྱི་དམངས་ཁྲིམས་མིའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས་པར་མ་ཟད། བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། འགལ་བ་མེད་པར་གཏོང་བ། སྤྱི་ཚོགས་ཁྲིམས་སྐྱོང་བཅས་སྔར་ལས་བཟང་བོར་ཁྲིམས་སྐྱོང་གི་ལམ་དུ་འཇུག་དགོས། ཀྲུང་དབྱང་གི་གཅིག་གྱུར་གྱི་བཀོད་སྒྲིག་དང་རེ་བ་ལྟར་ཁྲིམས་འཛིན་སྒྲིག་སྲོལ་བཅོས་བསྒྱུར་བྱ་བ་བཟང་བོར་བསྒྲུབ་སྟེ། སྤྱི་ཚོགས་ཀྱི་ཁྱོན་ཡོངས་ཀྱི་བརྟན་འཇགས་ཁྲོད་ཁྲིམས་འཛིན་དཔལ་ཡོན་དང་ཡར་ཐོན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག