མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིག་ཡུན་ཧྲན་གྱིས་མགོ་འཛིན་མཛད་དེ་ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-28 11:13

ཟླ4བའི་ཚེས27ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིག་ཡུན་ཧྲན་གྱིས་པེ་ཅིན་ནས་མགོ་འཛིན་མཛད་དེ་ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིག་ཡུན་ཧྲན་གྱིས་ཚེས27ཉིན་མགོ་འཛིན་མཛད་དེ་ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་ནས། སྐོར་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་གྱི་དུས་རིམ་སྔོན་མའི་བྱ་བར་སྤྱི་བསྡོམས་བྱས་པ་དང་། གནད་དོན་ཞིབ་བཤེར་དང་སྐྱོན་བརྗོད་བྱ་བའི་ལས་འགན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ལིག་ཡུན་ཧྲན་གྱིས་བཤད་རྒྱུར། སྐོར་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་ཁྲོད་ཞུགས་པའི་ལས་ཁུངས་དང་ཁྱད་པར་དུ་གྲོང་ཁྱེར་དང་རྫོང་ལས་ཁུངས་ཟླ་ལྔ་བའི་ཟླ་དཀྱིལ་དང་ཟླ་སྨད་དུ་སྔ་གཞུག་ཏུ་གནད་དོན་ཞིབ་བཤེར་དང་སྐྱོན་བརྗོད་བྱ་བ་སྒྲུབ་པའི་དུས་རིམ་དུ་སླེབས་རྒྱུ་ཡིན་པས། དེ་ནི་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་ཚད་ལེན་བྱེད་པ་དང་། དག་ཐེར་ཡོ་བསྲང་དང་དངོས་འབེབ་བྱ་བའི་རྨང་གཞི་ཇེ་བརྟན་དུ་གཏོང་བའི་གནད་འགག་གི་དུས་རིམ་ཞིག་ཡིན་པས། གཏན་ལ་ཕབ་པའི་གོ་རིམ་དང་རེ་བ་ལྟར། རྩ་འཛུགས་དང་ལག་བསྟར་ནན་མོ་བྱེད་པ་དང་། བྱ་བ་སྣ་ཚོགས་ཇི་མ་ཇི་བཞིན་དུ་བཟང་བོར་སྒྲུབ་དགོས་ཟེར།

ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། སྐོར་དང་པོའི་སློབ་གསོ་ལག་ལེན་བྱ་འགུལ་ཁྲོད། ཏང་ཡོན་ལས་བྱེད་པར་སློབ་གསོ་ཆེས་ཟབ་མོ་ཐེབས་པ་ནི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་ཡིན་པས། སྐོར་དང་པོའི་སློབ་གསོ་ལག་ལེན་བྱ་འགུལ་གྱི་ཕན་འབྲས་ལྡན་པའི་ཉམས་མྱོང་བེད་སྤྱོད་གང་ལེགས་བྱས་ནས། ཀུན་སྤྱོད་དག་ཐེར་གྱི་དགོངས་དོན་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱེད་པ་དང་། མགོ་ཁྲིད་པ་གཙོ་བོའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་བཟང་བོར་བསྡུ་བར་ཁག་ཐེག་བྱེད་དགོས་ཟེར།

ལིག་ཡུན་ཧྲན་གྱིས་ནན་གྱིས་གསུངས་རྒྱུར། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་ཏང་ཨུས་མགོ་ཁྲིད་པའི་འགན་ཁུར་ལམ་ལུགས་ལ་ཤུགས་སྣོན་པ་དང་དེ་ལག་ལེན་ཏུ་བསྟར་དགོས་ལ། ཁྱད་པར་དུ་མགོ་ཁྲིད་པ་གཙོ་བོས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བ་དམ་པོར་བཟུང་སྟེ། འགན་ཁུར་བ་དང་པོའི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། ཀྲུང་དབྱང་སྐོར་ཞིབ་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་དང་ས་གནས་ཀྱི་རིམ་པ་སོ་སོའི་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གིས་ལྟ་སྐུལ་མཛུབ་སྟོན་ནན་མོ་བྱེད་པ་དང་། དེའི་ཐད་ཀྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་སྟེ། གནད་དོན་ཞིབ་བཤེར་དང་སྐྱོན་བརྗོད་བྱ་བར་གྲུབ་འབྲས་ངོ་མ་ཐོབ་པར་དངོས་སུ་ཁག་ཐེག་བྱེད་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག