མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

དུས་ཚིགས་དང་པོར་རྒྱལ་སྤྱིའི་གཏོང་ཡོང་ཐད་མུ་མཐུད་དེ་ཕྱོགས་གཉིས་ཧེ་བག་གི་རྣམ་པ་ཐོན་པ།

རྩོམ་པ་པོ། ཟླ་བ་ཚེ་རིང་།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-04-27 10:44

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས་25ཉིན་རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུད་ཀྱིས་སྤྱི་ལོ་2014ལོའི་དུས་ཚིགས་དང་པོའི་རང་རྒྱལ་གྱི་རྒྱལ་སྤྱིའི་གཏོང་ཡོང་དོ་སྙོམས་རེའུ་མིག་སྤྱི་བསྒྲགས་བྱས་པའི་ཐོག་མའི་གྲངས་གཞི་ལས་མངོན་པར། དུས་ཚིགས་དང་པོར་རང་རྒྱལ་གྱི་རྒྱུན་ལྡན་རྣམ་གྲངས་གི་ཧེ་བག་མི་དམངས་ཤོག་སྒོར་དུང་ཕྱུར་442ཟིན་པ་དང་། མ་དངུལ་དང་དངུལ་རྩའི་རྣམ་གྲངས་གི་ཧེ་བག་མི་དམངས་ཤོག་སྒོར་དུང་ཕྱུར་7235ཟིན་པ་དང་། རྒྱལ་སྤྱིའི་གཏོང་ཡོང་ཐད་མུ་མཐུད་དེ་ཕྱོགས་གཉིས་ཧེ་བག་རྣམ་པ་ཐོན་ཡོད། འོན་ཀྱང་རྒྱུན་ལྡན་རྣམ་གྲངས་ཀྱི་ཧེ་བག་གྲངས་འབོར་ཉུང་དུ་མང་ཙམ་ཕྱིན་ན་ཡོད་པ་དང་ཐོག་མའི་གྲངས་གཞིའི་རྩིས་རྒྱག་ལ་གཞིགས་ན་སྤྱི་ལོ་2011ལོའི་དུས་ཚིགས་དང་པོ་ནས་བཟུང་གི་རིན་ཐང་དམའ་ཤོས་ཐོན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག