མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཁག་གཉིས་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་སྐུལ་འདེད་གྲོས་ཚོགས་ཀྱི་དབུས་རྒྱུད་དང་ནུབ་རྒྱུད་ཡན་ལག་གྲོས་འཚོགས་པ།

རྩོམ་པ་པོ། བཀྲ་ཤིས་དབང་ཕྱུག  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-04-27 10:44

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁག་གཉིས་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་སྐུལ་འདེད་གྲོས་ཚོགས་ཀྱི་དབུས་རྒྱུད་དང་ནུབ་རྒྱུད་ཡན་ལག་གྲོས་ཚོགས་སྤྱི་ཚེས་22དང་23ཉིན་ཁག་སོ་སོར་ཁྲང་ཧྲ་དང་དྲུང་ཅིང་ལ་འཚོགས་ཡོད་པ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་འགོ་ཁྲིད་ཚོ་ཆུང་གི་འགོ་འཛིན་གཞོན་པ་ཀྲའོ་ལེ་ཅིས་གྲོས་ཚོགས་ལ་ཞུགས་པ་མ་ཟད། གསུང་བཤད་ཀྱང་གནང་ཡོད་པ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧོ་ནན་ལན་གའོ་རུ་བརྟག་དཔྱད་ཞིབ་འཇུག་དང་མཛུབ་སྟོན་གནང་སྐབས་ཀྱི་གལ་ཆེའི་གསུང་བཤད་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཐོག དམ་འཛིན་བྱ་ཡུལ་ལྔ་ཏན་ཏིག་ངང་ཁོང་དུ་ཆུད་པ་བྱེད་པ་དང་། ནན་པོ་གསུམ་དང་དྲང་པོ་གསུམ་གྱི་བླང་བྱ་ལག་བསྟར་ནན་པོ་བྱེད་པ། སྤྱོད་ཚུལ་ངན་པ་བཞིའི་གནད་དོན་གཙོ་གནད་དུ་ཐག་གཅོད་བྱེད་པ་བཅས་བྱས་མཐར། ཚད་གཞི་མཐོ་པོ་དེ་དག་སློབ་གསོ་ལག་ལེན་གྱི་བྱེད་སྒོའི་ནང་དོན་འཁྱོལ་ཡོང་བྱས་ཏེ་མང་ཚོགས་བློ་ཡིད་ཚིམ་པའི་ཕན་འབྲས་ཐོན་པ་བྱེད་དགོས་ཞེས་གསུངས་འདུག

ཞིང་ལྗོངས་དང་གྲོང་ཁྱེར་ཁག་ཅིག་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེའི་ཏང་ཨུད་ཀྱི་འགན་འཁུར་བློ་མཐུན་དང་གྲོང་ཁྱེར་དང་རྫོང་ཨུད་ཀྱི་ཧྲུའུ་ཅི། དེ་བཞིན་ཀྲུང་དབྱང་སྐོར་ཞིབ་ལྟ་སྐུལ་མཛུབ་ཁྲིད་ཚོ་ཆུང་གི་འགོ་འཛིན་བཅས་ཁག་སོ་སོར་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག